ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་བཅུ་དྲུག་པ།

ཕྱི་ལོ་ ༢༠༢༦      ནས་  བར་ཉིན་གཉིས་རིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སོ་གཉིས་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཆོག་ལྔའི་གསས་ཁང་མཐོང་གྲོལ་འོད་འབར་གྱི་ནང་དུ་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ། རྩ་འཛིན་སློབ་དཔོན་དགེ་བཤེས་མཁྱེན་རབ་རྒྱ་མཚོ། རྩ་འཛིན་སློབ་དཔོན་དགེ་བཤེས་ཉི་མ་བསྟན་འཛིན་བཅས་དགེ་རྒན་རྣམ་པ་དང་། སྐབས་སོ་གཉིས་པའི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བཅས་ལྷན་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་གཉེར་བ་༣༡གཏམ་བཤད་འགྲན་བསྡུར་ལ་དངོས་སུ་ཞུགས་ཡོད། གཏམ་བཤད་ཀྱི་བརྗོད་གཞི་སོ་སོའི་འདོད་མོས་ལྟར་ཡིན་ལ་བརྗོད་གཞི་དེ་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད། དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་ངག་རིག་གི་སྒྱུ་རྩལ་སོགས་ལ་གཞིགས་ཏེ་སྐར་གྲངས་སྤྲད་ཡོད་པ་དང་། མཇུག་མཐར་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་བཀའ་དྲིན་བསྐྱངས་རྗེས་མཉམ་པར་བསྒྲོན་ཏེ་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ཉིན། 

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 94 དེ་རིང་། 94)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།