ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧ཡོངས་འཛིན་ཆེན་མོའི་བརྒྱ་སྟོན་གསལ་བསྒྲགས།

༄༅།། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ།

ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་ལྷོ་རྒྱལ་འཛམ་བུ་གླིང་དུ་བསམ་བཞིན་བསྟན་འགྲོའི་མགོན་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་དགུང་གྲངས་བརྒྱ་འཁོར་བའི་སྐལ་བཟང་གི་དུས་སྐབས་དང་བསྟུན། རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་འཕྲིན་ལས་བསྐྱངས་ཤིང་ལྷག་པར་དུ་རང་རེའི་ཆོས་དང་རིག་གཞུང་ས་སྟེང་དུ་གནས་མིན་གྱི་གཉན་འཕྲང་གི་དུས་སྐབས་སུ་བསྟན་འགྲོའི་མཛད་ཁུར་ཆེར་བཞེས་ཀྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ། དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་ཡོངས་རྫོགས་བདག་གིར་བཞེས་ཏེ་ཉིན་མཚན་ལྟོས་མེད་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བཅངས་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བསྟི་གནས་བཙུགས་ཏེ། ༧སྐྱབས་རྗེ་མཆོག་གི་ཐུགས་རྗེའི་བྱིན་རླབས་ཀྱིས་འཛམ་གླིང་གང་སར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་དར་ཞིང་རྒྱས་ཐུབ་པ་སོགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། དཔོན་གསས་༸བླ་མའི་སྐུ་ཕྱྭའི་ཞབས་རིམ་ཧོར་ཟླ་ ༡༢ ཚེས་ ༣ ནས་ ༧ བར་དང་། སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༢ ཚེས་ ༡ ནས་ ༤ བར་ཉིན་བཞི་རིང་འཚོགས་རྒྱུ་དང་། དེ་རྗེས་འབྱུང་ལྡན་ ༣༠༡ ཧོར་ཟླ་ ༡༢ ཚེས་ ༩ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༢ ཚེས་ ༦ ཉིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུའི་བརྒྱ་སྟོན་མཛད་སྒོ་ཞིག་སྤེལ་གཏན་ཁེལ་བ་དང་། སྐལ་བཟང་གི་དུས་སྐབས་འདི་དང་བསྟུན་འདིར་དགོན་གྱི་གཙུག་ལག་ཁང་གསར་པའི་རབ་གནས་དང་དབུ་འབྱེད་མཛད་སྒོ། སྐབས་ ༡༤ པའི་དགེ་བཤེས་མཛད་སྒོ་བཅས་འཚོགས་རྒྱུ་ལགས་ན། དད་ལྡན་མི་མང་མཛད་སྒོ་འདིར་ཆེས་བཅར་བའི་འདུན་པ་ཆེ་བ་རྣམ་པ་དང་། འབྲེལ་འཇོག་ཞུ་མཁན་གང་ན་སུ་བཞུགས་རྣམས་ལ་དགའ་བསུ་ཞུ་རྒྱུ་བཅས་གསལ་བསྒྲགས་སུ།

ཟུར་བརྗོད། གོང་ཞུས་མཛད་སྒོ་ཁག་གི་ཞིབ་ཕྲའི་མཛད་རིམ་ཕྱིས་སུ་རིམ་པར་འབུལ་རྒྱུ་དགོངས་འཇགས་འཚལ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ཡིག་ཚང་ནས་སྤྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༢༣ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 4,788 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆར་ཅན་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།