ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཁྲོ་ཕུར་དགུ་གཏོར་ཆེན་མོ།

བོད་ཤིང་སྦྲུལ་ལོའི་ཧོར་ཟླ་ ༡༢ པའི་ཚེས་ ༢༦ ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༢ ཚེས་ ༡༣ ཉིན་འདུས་མང་ནས་ཁྲོ་ཕུར་གྱི་དགུ་གཏོར་ཆེན་མོའི་བཅའ་བཟོ་ལེགས་པར་གནང་། བོད་ཚེས་ ༢༧ ནས་ ༢༨ སྤྱི་ཚེས་ ༡༤ དང་ ༡༥ གཉིས་ལ་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དབུ་བཞུགས་ཐོག་ཁྲོ་གྲལ་དང་། ཕུར་གྲལ་སོ་སོར་འཚོགས་ནས་ཁྲོ་ཕུར་གཉིས་ཀྱི་གྱེར་ཆེན་དང་། གར་འཆམ་སོགས་ཆོ་གའི་རིམ་པ་ལྟར་བསྒྲུབས། དེའི་རིང་སྒྲུབ་ཁང་ནང་དུ་ཕུར་པའི་ཚོགས་འཁོར་སྲུང་བཟློག་དང་། དགོང་མོ་བཀའ་སྐྱོང་གྱེར་དབྱངས། མཆོག་ལྔའི་གསས་ཁང་དུ་སྐོང་འབུམ་བཅས་འདོན་ཚོ་སོ་སོར་ཕྱེས་ནས་གསུངས། བོད་ཚེས་ ༢༩ དང་སྤྱི་ཚེས་ ༡༦ ཉིན་མོར་ཉིན་རྒྱབ་ཏུ་དགུ་གཏོར་ཆེན་མོའི་གར་འཆམ་བསྒྲལ་བསྟབ་འཆམ་ནས་ཉ་བོ་བསྒྲལ། དེ་རྗེས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་མི་མང་ཡོངས་ལ་ཁྲུས་གསོལ་དང་ཟློག་དབང་གནང་།

དེ་རྗེས་འཆམ་པོ་བ་དང་སྒྲུབ་གཤེན་ཀུན་གཤེན་རབ་དགུ་འཆམ་ལྷན་དུ་འཆམ་གྲུབ་པ་དང་། ཟློག་པ་གཡུག་ནས་དངོས་སུ་གཏོར་རྒྱག་མཛད། དེ་ནས་སེར་སྐྱ་མི་མང་ཡོངས་ནས་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་གི་མདུན་དུ་ཀི་བསྭོ་ལྷ་རྒྱལ་འཐེན་ཏེ་ཕྱེ་མར་མཆོད།དེ་ནས་བླ་གྲྭ་རྣམས་ནས་ཕྱྭ་ཚེ་བཀྲ་ཤིས་དང་གཤེགས་བསྐྱོད་བསྔོ་སྨོན་གྱིས་རྒྱས་གདབ་བཅས་གནང་སྟེ་ལོ་འདིའི་སྤྱི་རིམ་ཆེན་མོ་གཤེན་གྱི་དགུ་གཏོར་ཆེན་མོ་དེ་ཉིད་མཇུག་གྲུབ་པའི་གནས་བསྡུས་སུ་གཙོ་སྒྲུབ་པས་བཀོད།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 28 དེ་རིང་། 28)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ད་ལན་གྱི་བ…
error: རྩོམ་འདི་བདག་དབང་ཅན་ཡིན།