ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔོན་གསས་བླ་མ་བདེ་བར་གཤེགས་པའི་སྐུ་གདུང་རིན་པོ་ཆེ་རང་དགོན་དུ་གདན་འདྲེན་ཞུས་པའི་གནས་བསྡུས།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་། དཔོན་གསས་བླ་མ་བདེ་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་གདུང་མཆོད་དང་སྐུ་གདུང་གདན་འདྲེན་ཞུ་བའི་སྟ་བོན་གྱི་ཆེད་དུ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ལམ་སྟོན་གནང་བ་གཞིར་བཟུང་ནས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་། དྲིན་ཆེན་རྩ་བའི་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཤམ་པའི་མདུན། གཙུག་ལག་ཁང་གི་ཕྱི་ནང་ཀུན་ཏུ་མཆོད་པའི་རྫས་ཕུན་སུམ་ཚོགས་པ་ཀུན་ཡིད་དང་བ་འདྲེན་པ་བཤམ་བཀོད་གནང་། ཕྱི་ལོ་ ༢༠༢༥ ༡༩ དགོངས་མོ་ངོ་མཚར་གྱི་ལྟས་དང་བཅས་དཔོན་གསས་བླ་མ་རིན་པོ་ཆེ་ཐུགས་དམ་གྲོལ་བ་དང་། ཕྱི་ལོ་ ༢༠༢༥ ༡༩  ཉིན་མཁན་སློབ་དགེ་བའི་བཤེས་གཉེན་སྐུ་འཁོར་རྣམ་པས་དཔོན་གསས་བླ་མའི་སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུ་བའི་ཆེད་དུ་གྲ་སྒྲིག་གང་དགོས་གནང་།

ཕྱི་ལོ་ ༢༠༢༥ ༢༡ ཉིན་ཕྱག་ཚོད་ པའི་ཐོག་རྒྱལ་གཤེན་དཔའ་བོའི་བྱེ་མ་རི་ཁྲོད་ནས་མཁན་སློབ་དགེ་བའི་བཤེས་གཉེན་དང་། ལྷ་སྡེ་མིང་མང་རྣམས་ཀྱི་ཕེབས་བསུ་དང་བཅས་གདན་དྲངས་ཏེ་ཕྱག་ཚོད་ ༨། ༣༠ ཐོག་རང་དགོན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཕེབས་བསུ་ཞུས་པ་དང་།སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུས་པའི་གདན་ས་སྨན་རིའི་གླིང་གི་མཁན་སློབ་རྣམ་པ་དང་།དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་རིན་པོ་ཆེ་དབུས་པའི་མཁན་སློབ་རྣམ་པ་ལྔས་སྤྱན་རྒྱ་སྤོས་མེ་མཛད་དེ། མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། སྐྱབས་གནས་འདུས་པ་རྒྱ་མཚོ་བསླབ་པ་གོ་རིམ་ལྟར་སེར་ཕྲེང་བསྒྲིགས་ནས། རྔ་གཤང་རོལ་མོ་ལ་སོགས་སྙན་པ་སྒྲ་ཡི་ཚོགས་དང་། དར་ལྷུབ་རྒྱལ་མཚན་འཕན་གདུགས་ལ་སོགས་མཛེས་པ་རྒྱན་གྱི་ཚོགས། དྲི་ཞིམ་སྤོས་བསང་དང་མར་མེ་ཞལ་ཟས་མེ་ཏོག་གི་ཕྲེང་བ་སོགས་འདོད་ཡོན་རྣམ་ལྔའི་མཆོད་སྤྲིན་གྱི་ཚོགས་དང་བཅས་དཔོན་གསས་བླ་མའི་སྐུ་གདུང་རིན་པོ་ཆེ་བླ་བྲང་ཕུན་ཚོགས་འདོད་དགུ་འབྱུང་གནས་དབུ་རྩེ་ཁང་དུ་གདན་དྲངས་ནས་ངོ་མཚར་གྱི་རྟགས་དང་བཅས་བཞུགས་སུ་གསོལ། མཁན་སློབ་གཡུང་དྲུང་སེམས་དཔའི་འདུས་སྡེ་དང་འབྲེལ་ཡོད་ལྷ་འབངས་རྣམས་ཀྱིས་གཙུག་ལག་ཁང་གི་མདུན་ཐང་འཆམ་ར་ནས་མཚན་ལྡན་བླ་མ་མཆོད་ཐབས་ལྟར་རྣམ་ལྔའི་མཆོད་པ་ཕུལ་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ཡང་ཡང་ཞུས་གྲུབ་པ་དང་། དཔོན་གསས་བླ་མའི་སྐུ་གདུང་མཇལ་ཁའི་དུས་ཚོད་གསལ་བསྒྲགས་གནང་བ་བཅས་ཀྱི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༥ ༢༡ ཉིན་སྤེལ།། །།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 3,002 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅་། །འཛམ་…
error: རྩོམ་འདི་བདག་དབང་ཅན་ཡིན།