གདན་ས་ཁྲི་བརྟན་ནོར་བུ་རྩེར་སྲིད་རྒྱལ་འབུམ་ཚོགས་ཆེན་མོ་འཚོག་བཞིན་པ།
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༩ ནས་ ༡༥ བར་ཉིན་བདུན་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར། སྤྱིར་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། འཇིག་རྟེན་ཁམས་སུ་ནད་མུག་འཁྲུགས་རྩོད་ལ་སོགས་སྙིགས་དུས་ཀྱི་རྒུད་པ་མཐའ་དག་མྱུར་དུ་སངས་ནས་འཛམ་གླིང་ཞི་བདེའི་དཔལ་ལ་སྦྱོར་བ་དང་། ཁྱད་པར་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་དང་། དམུ་རིགས་གཤེན་གྱི་༧གདུང་སྲས་རྣམ་གཉིས། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། དད་སྦྱིན་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་འཕེལ་ཏེ་བསམ་དོན་ཡིད་བཞིན་འགྲུབ་པའི་སླད་དུ། བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར། བསྟན་སྲུང་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཆེན་མོ་རྒྱས་འབུལ་ཞུ་བཞིན་པའི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ༥ ༩ ཉིན།
པར་པ་ཁྱུང་ཐོག་རྒོད།
