ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཕྱི་རིག་པ།

ཕྱི་རིག་པ།

བོན་རང་ལུགས་སུ་ཕྱི་རིག་པ་ཞེས་མདོ་འབུམ་གཟུངས་གསུམ་མན་ངག་དང་བཞི་ཡི་སྒོ་ནས་གཙོ་བོ་འཇིག་རྟེན་པའི་འདི་ཕྱིའི་ལེགས་ཉེས་ལ་ཕན་བདེ་སྒྲུབ་ཐབས་ཀྱི་རིག་པའམ་ཐམས་ལམ་ཞིག་ལ་ངོས་འཛིན་གནང་ཡོད།

དེ་ཡང་། མདོ་དྲི་མེད་གཟི་རྗིད་ལས། “བཞི་བ་ཕྱི་ཡི་རིག་པ་ལ།། དེ་ཡང་རྣམ་པ་བཞི་ཡིན་ཏེ།། མདོ་འབུམ་གཟུངས་གསུམ་མན་ངག་བཞི།། ཐོག་མར་མདོ་ལ་རྣམ་པ་གསུམ།། སྣང་སྲིད་ཀུན་གསལ་གཏོ་ཡི་མདོ།། རིན་ཆེན་ཀུན་གསལ་རྩིས་ཀྱི་མདོ།། གཙུག་ལག་གབ་ཙེ་དཔྱད་ཀྱི་མདོ།། གཉིས་པ་འབུམ་ལ་རྣམ་པ་གསུམ།། སྣང་སྲིད་གཏོ་འབུམ་ནག་པོ་དང་།། རིན་ཆེན་ཀུན་འབུམ་ཁྲ་བོ་དང་།། གཙུག་ལག་དཔལ་འབུམ་དཀར་པོ་གསུམ།། གསུམ་པ་གཟུངས་ལ་རྣམ་པ་གསུམ།། སྣང་སྲིད་ཁ་བསྐངས་གཏོ་ཡི་གཟུངས།། རིན་ཆེན་ཀུན་གསལ་རྩིས་ཀྱི་གཟུངས།། གཙུག་ཏོར་དཀར་མོ་གདུགས་ཀྱི་གཟུངས།། བཞི་བ་མན་ངག་རྣམ་པ་གསུམ།། གབ་རྩེ་བྱང་གླིང་དགུ་བསྐོར་དང་།། ཇུ་ཞགས་སྲིད་པའི་འཁོར་ལོ་དང་།། མན་ངག་དུས་འཁོར་རྩིས་འཛིན་གསུམ།། ཕྱི་ཡི་རིག་པའི་བོན་སྡེ་འོ།།” ཞེས་གསུངས་པ་ལྟར་རོ།།

(སྤྱིའི་གཟིགས་གྲངས། 39 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།