གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་བདུན་པའི་གནས་བསྡུས།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༡ ༦ ༣ ཉིན་གྱི་སྔ་དྲོའི་ཆོུད་ ༨ ཐོག་ནས་བཟུང་བོད་ཀྱི་སྐད་ཡིག་ཡར་སྐུལ་ཆེད་དུ་ཐེངས་བདུན་པའི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ལས་རིམ་འགོ་བཙུགས་ཏེ། དཔྱད་འདེམས་དགེ་རྒན་དུ་ཆེད་ཕེབས་གནང་བའི། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ། རྩ་འཛིན་སློབ་དཔོན་རྣམ་པ་གསུམ་དང་། སྐབས་ ༢༧ པའི་བཤད་སྒྲུབ་འདུས་སྡེའི་ལས་སྣེ་ལྷན་འཛོམས་ཐོག དགེ་སྐོས་ལགས་ནས་དབུ་འཛུགས་གཏམ་བཤད་གནང་བ་དང་འབྲེལ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ནས་ས་དུས་ཚོད་སྟངས་འཛིན་འོག སྐབས་ ༢༧ པའི་བཤད་སྒྲུབ་འདུས་སྡེ་ནས་བརྗོད་གཞི་གཏན་འབེབས་གནང་བའི་བོན་གྱི་གདན་ས་ཁག་གི་ལོ་རྒྱུས་སྐོར་དང་། བཤེས་གཉེན་བསྟེན་ཚུལ་སྐོར། སློབ་མ་ལ་ཚང་དགོས་པའི་ཡོན་ཏན།དགོན་སྡེའི་སྒྲིག་ལམ་སྐོར། དགེ་བཤེས་མཛད་སྒོ་ཡི་མཛད་རིམ་སྐོར། དུས་ཆེན་ཁག་གི་ངོ་སྤྲོད་སྐོར། སློབ་ཕྲུག་དང་འབྲེལ་བའི་བསླབ་བྱ་སྐོར་བཅས་བརྗོད་གཞི་དུ་མར་གཏན་འབེབས་གནང་བ་ལས་སོ་སོས་གདམས་པའི་བརྗོད་གཞིའི་ཐོག་ནས། ཐེག་འགྲེལ་འཛིན་གྲྭ་ནས་བཟུང་། ཚད་མ་ལོ་རིམ་གསུམ་པ། ཚད་མ་ལོ་རིམ་གཉིས་པ། ཚད་མ་ལོ་རིམ་དང་པོ་བཅས་ནས་རིམ་བཞིན་གཏམ་བཤད་སྐར་མ་བཅུ་རེ་གནང་རྗེས་སྐར་མ་ལྔ་ལ་དྲི་བ་དྲི་ལན་བྱས་པ་དང་། གཏམ་བཤད་སྐབས་བཤད་ཐབས་ཀྱི་གོ་རིམ་དང་ཚིག་སྦྱོར། ཐ་སྙད་བེད་སྤྱོད་བྱེད་སྟངས་ལུས་ཀྱི་རྣམ་འགྱུར་དྲི་བ་ལན་འདེབས་སྟངས་ལས་དཔག་པའི་ཨང་རིམ་སྤྲད་དེ་བརྒྱ་ཆའི་ཨང་ཐོབ་ལོ་འཁོར་མཇུག་བསྡོམས་ལ་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཉིན་གཉིས་ཀྱི་རིང་གཏམ་བཤད་འགྲན་བསྡུར་གནང་གྲུབ་པ་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ནས་དགེ་འདོན་སྐྱོན་སེལ་གྱི་མཇུག་བསྡོམས་བཀའ་སློབ་གནང་གྲུབ་རྗེས་མཉམ་པར་བསྒྲོན་པ་དང་། ཕྱི་ལོ་ ༢༠༢༡ ༦ ༤ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༤། ༣༠ ཐོག་གཏམ་བཤད་འགྲན་བསྡུར་དེ་ཉིད་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།
མེ་ལོ་ཡེ་ཤེེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༦ ༤ ཉིན་སྤེལ།