རྒྱལ་བའི་ཕྱག་ཁྲིད་ཀྱི་དངོས་གཞི་དབུ་ཚུགས་པ།
གཤེན་བསྟན་དར་རྒྱས་གླིང་གི་སྒོམ་གྲྭ་སྐབས་གཉིས་པའི་ལོ་རིམ་གཉིས་པ་རྒྱལ་བའི་ཕྱག་ཁྲིད་ཀྱི་དངོས་གཞི་དབུ་ཚུགས་པ།
འདི་ལོར་བྲུ་རྒྱལ་ཕྱག་ཁྲིད་ཀྱི་ལོ་རིམ་གཉིས་པ་སྟེ་དངོས་གཞི་ངོ་སྤྲོད་དང་སེམས་སྦྱོང་གི་ལོ་རིམ་དེ་ཆགས་ཡོད། དེ་ལྟར་ལོ་རིམ་དང་པོ་སྔོན་འགྲོ་བསགས་སྦྱོང་གྲུབ་ཟིན་པའི་དགེ་སྦྱོར་བ་རྣམས་དུས་ཚིགས་ལ་ལྷན་དུ་འཛོམས་པ་དང་། ད་ནང་ཞོགས་ཚོགས་བསང་གསོལ་གྲུབ་རྗེས་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་གིས་གཙོས་འདིར་བཞུགས་བླ་གྲྭ་རྣམས་ཀྱིས་ཕྱི་ཐོ་བཅིངས་ནས་སྒྲུབ་མཚམས་བསྡམས། འདི་ལོ་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་འདི་གར་བཞུགས་པའི་དུས་སྐབས་བཟང་པོ་ཁེལ་བར་བརྟེན་སློབ་མ་རྣམས་ཀྱིས་མཆོག་གི་ཟབ་གདམས་བཀའ་སློབ་དང་། དངོས་གཞིའི་ལྗགས་ལུང་བཅས་ལ་གསན་བསམ་གྱི་གོ་སྐབས་བཟང་པོ་ཐོབ་ཡོད། དེ་རིང་ནས་བཟུང་འདི་གའི་མཁན་སློབ་རྣམ་པས་དཔེ་ཁྲིད་དང་ལམ་སྟོན་འོག་སྒོམ་གྲྭ་བ་རྣམས་ཞོགས་པའི་ཉི་གཞོན་དང་ལྷན་དུ་འདོན་རྟ་དབྱངས་བཞིན་མུ་ནས་མུ་མཐུད་དེ་ཉིན་ཞག་བདུན་ཅུ་ཐམ་པར་དངོས་སྦྱོང་ཉམས་ལེན་གྱི་དབུ་ཚུགས་པའི་གནས་བསྡུས་སུ།
སྲིད་པའི་མིག་ནས་ཕྱི་ལོའི་༢༠༡༥ཟླ་༠༩ཚེས་༠༣ལ་སྤེལ།