ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ།

 

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་བསྟན་འགྲོའི་ཆེད་ཕྱི་ཕྱོགས་ཀྱི་ས་གནས་ཧྥ་རན་སི་དང་། འཇའ་མེན། ཨིས་ཊ་ལིས། ཧྥིས་ལན་ཌུ། པོ་ལན་ཌུ། ཧོ་ལན་ཌུ། སུད་སི་ལན་ཌུ། རོ་མན་ནིས་སོགས་ཡུ་རོབ་ས་གནས་ཁག་དུ་མར་ཕེབས་བཞུད་གནང་ནས་དད་ལྡན་སློབ་མ་ཚོར་གང་དགོས་ཀྱིས་ཁྲིད་གདམས་བཀའ་དྲིན་བསྐྱངས་མཐར་ ༢༠༢༣ ཟླ ༡༡ ཚེས་ ༢༣ ཉིན་སྔ་དྲོའི་ཕྱག་ཚོད་༡༠སྐར་མ་༡༥ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

དེའང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་དགོན་གྱི་ལས་སྣེ་བ་རྣམས་བལ་ཡུལ་གནམ་ཐང་དུ་ཕེབས་བསུར་ཆེད་བཅར་ཞུས་པ་དང་།འདུས་མང་ནས་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་།རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་།ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་།དགའ་དད་གུས་པ་སོགས་དྭངས་བའི་སེམས་ཀྱིས་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས།

དེ་ནས་གཙུག་ལག་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་གྲྭ་ཚང་སྤྱི་གཉེར་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ནས་མཎྜལ་འདེགས་འབུལ་ཞུས་པ་དང་།མཐར་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཤིང་བླ་བྲང་དུ་ཞབས་སོར་བདེ་བར་འཁོད་པ་བཅས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༢༣།༡༡།༢༣ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 567 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།