ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བགྲོ་གླེང་ཆེན་མོའི་གསལ་བརྡ།

༄༅།།རྒྱལ་ཕྱི་ནང་གང་སར་བཞུགས་པའི་མཁྱེན་དཔྱོད་ཀྱི་བློ་གྲོས་རབ་ཏུ་ཡངས་པའི་བོན་གྱི་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ།

མཁྱེན་གསལ་ལྟར་ཟླ་ཤས་སྔོན་ངེད་༼ཆབ་དཀར་སྔགས་ཀྱི་བགྲོ་གླེང་ཆེན་མོ་༽གོ་སྒྲིག་ཚོགས་ཆུང་གིས་གསལ་བསྒྲགས་ཞུས་དོན་ལྟར་འདི་ལོར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དགུང་གྲངས་བརྒྱ་ཕྲག་གཅིག་བཞེས་པའི་བརྒྱ་སྟོན་དང་འབྲེལ་ནས་ཆབ་དཀར་སྔགས་ཀྱི་བགྲོ་གླེང་ཆེན་མོ་ཞེས་པ་ཞིག་ལོ་མཇུག་ཏུ་འཚོགས་རྒྱུའི་གསལ་བརྡ་ཕུལ་ཟིན་ནའང་། ཡིད་ཕམ་པ་ཞིག་ལ་༧རྗེ་བླ་མ་མཆོག་དགོངས་པ་གཞན་དོན་དུ་གཟིགས་པའི་ཚུལ་བསྟན་ནས་རེ་ཞིག་བགྲོ་གླེང་གོ་སྒྲིག་བྱ་དགོས་དང་མི་དགོས་ངེས་གཏན་མེད་པའི་གནས་སུ་གྱུར།  ཉེ་ལམ་༧སྐྱབས་རྗེ་རྩ་བའི་བླ་མ་མཆོག་གི་དགོངས་རྫོགས་མཆོད་འབུལ་གྱི་བྱེད་སྒོ་ཡོངས་སུ་མཇུག་གྲུབ་པའི་རྗེས་སུ་ངེད་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་ཆེད་དུ༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་རྒྱལ་ཚབ་མཁན་ཆེན་རིན་པོ་ཆེར་བགྲོ་གླེང་གོ་སྒྲིག་བྱ་དགོས་མིན་གྱི་བཀའ་འདྲི་ཞུས་སྐབས་མཁན་ཆེན་རིན་པོ་ཆེ་མཆོག་གིས་གསལ་བསྒྲགས་སྔོན་སོང་ལྟར་བགྲོ་གླེང་གི་བརྗོད་གཞི་ལ་འགྱུར་བ་གང་ཡང་མེད་པ་རང་སོར་གནས་ཐོག་༧རྗེ་བླ་མ་མཆོག་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་ཆེན་ཁོ་ནར་མཛད་པའི་གསང་གསུམ་གྱི་མཛད་པ་རྣམས་རྗེས་སུ་དྲན་པའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་བྱ་ཐུབ་ན་དགེ་མཚན་ཆེ་ཚུལ་གྱི་བཀའ་གསུང་སྤྱི་བོར་བབས་དོན་ལྟར་སྔར་གྱི་བརྗོད་གཞི་ལ་འགྱུར་བ་གང་ཡང་མེད་པར་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་དང་།

           དེ་བཞིན་བརྗོད་གཞི་གཏན་འབེབ་ཀྱིས་རྩོམ་པ་པོ་རེ་རེར་རྩོམ་འབྲིའི་རེ་ཞུ་བྱས་དོན་ལྟར་རྩོམ་པ་པོ་རང་རང་གིས་དེ་ལུགས་སུ་ཐུགས་ལ་གནག་ཐོག་དཔྱད་རྩོམ་རིན་ཐང་ལྡན་པ་ཞིག་འདི་ལོའི་ཧོར་ཟླ་༡༠ཚེས་༡ཚུན་ལ་ངེད་བགྲོ་གླེང་གོ་སྒྲིག་ཚོགས་པ་ལ་ངེས་འཕྲོད་ཡོང་བའི་རེ་བསྐུལ་དང་བཅས་གསལ་བརྡ་རུ།

བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༢༥ཟླ་༨ཚེས་༢༤ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 451 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །དད་དམ…
error: རྩོམ་འདི་བདག་དབང་ཅན་ཡིན།