ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་བོན་རིག་པའི་བགྲོ་གླེང་ཐེངས་བདུན་པ་འཚོགས་པ།

ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༣༠ ནས་ ༣༡ བར་ཉིན་གཉིས་རིང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར། བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ “བོན་རིག་པའི་བགྲོ་གླེང་ཐེངས་བདུན་པ” དེ་བཞིན་ལེགས་པར་འཚོགས་ཡོད།

དབུ་འཛུགས་མཛད་སྒོ། ཚེས་ ༣༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༧:༥༥ ཐོག་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་དང་། གསོ་རིག་འབུམ་བཞིའི་དགེ་སློབ་བཅས་ཚོགས་ཁང་དུ་འདུ་འཛོམས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་མཛད་སྒོ་བསྐྱངས།

 • སྣང་གསལ་སྒྲོན་མེ་ཞལ་འབྱེད། ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག

 • བྱོན་པ་ལེགས་གསོལ་གཏམ་བཤད། བགྲེས་གཏམ་གཙོ་སྒྲིག་པ་གཞོན་པ་གཡུང་དྲུང་ཐོགས་མེད་ལགས།

 • བཀའ་སློབ་གནང་མཁན།

 • ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བོན་རིག་པའི་བགྲོ་གླེང་གི་རྩ་དོན་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་བསྩལ།

 • ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་ནས་མ་འོངས་པར་བོན་རིག་པའི་བགྲོ་གླེང་ཡར་རྒྱས་གཏོང་སྟངས་སྐོར་ལ་བཀའ་སློབ་བསྩལ།

དངོས་གཞིའི་བགྲོ་གླེང་དང་དཔྱད་རྩོམ་སྒྲོགས་སྦྱོངས།

ཉིན་དང་པོའི་བརྗོད་གཞི།

 • དགེ་བཤེས་བློ་གྲོས་འོད་གསལ། (རྩ་འཛིན་སློབ་དཔོན)

 • 📑 བོན་བསྟན་འཇང་ཡུལ་དུ་དར་བའི་བརྒྱུད་རིམ་ལས་འཕྲོས་པའི་གཏམ་ཛད་ལེའི་སྒྲ་དབྱངས།

 • གཡུང་དྲུང་རིག་འཛིན། (བགྲེས་གཏམ་འགན་འཛིན།)

 • 📑 བོན་གྱི་དཔེ་རྙིང་ལས་བདག་མེད་ཀྱི་དགག་བྱ་བཞག་ཚུལ་ལ་གསར་དུ་དཔྱད་པ།

 • དགེ་བཤེས་ཚུལ་ཁྲིམས་དྲི་མེད། (རྩ་འཛིན་སློབ་དཔོན)

 • 📑 སྐབས་གཉིས་པའི་རིགས་ཀྱི་ཟིན་བྲིས།

 • དགེ་བཤེས་ཤེས་རབ་རྣམ་རྒྱལ། (ཝཱར་ཎའི་སློབ་དགེ)

 • 📑 རོང་སྒོམ་རྟོག་མེད་ཞིག་པོའི་སྒྲུབ་གནས་ཕུག་པ་ངོས་འཛིན་དང་གཞན་སྙན་རྒྱུད་ཀྱི་བླ་མ་འགའ་ཞིག་གི་སྒྲུབ་གནས་ལ་དོགས་པ་འགོད་པ།

 • དགེ་བཤེས་ཁྱུང་ཁྲི་ལྡེ། (ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས།)

 • 📑 བོན་ལུགས་དཀྱིལ་འཁོར་མར་སྦུབ་ཀྱི་རིག་གནས་ལ་གསར་དུ་དཔྱད་པ།

 • གཡུང་དྲུང་ཚུལ་ཁྲིམས། (དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ)

 • 📑 རི་རབ་ཀྱི་གནས་ལུགས་སྐོར་ལ་རགས་ཙམ་བཤད་པ།

 • ཚེ་འཛིན་བུ་ཁྲིད། (གསོ་རིག་འབུམ་བཞིའི་བཀའ་བཅུ་པ)

 • 📑 སྲོལ་རྒྱུན་གསོ་བ་རིག་པའི་ཟས་སྤྱོད་བསྟེན་ཐབས་ལས་འཕྲོས་པའི་རྒྱུན་སྤྱོད་འཕྲོད་བསྟེན་སྐོར་གླེང་བ།

 • 

ཉིན་གཉིས་པའི་བརྗོད་གཞི།

 • དགེ་བཤེས་གཡུང་དྲུང་བཀྲ་ཤིས། (གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དབུ་འཛིན)

 • 📑 གསོ་རིག་འབུམ་བཞི་དང་འབྲེལ་བའི་དྭོགས་དཔྱོད།

 • བརྩོན་འགྲུས་གོང་འཕེལ། (དཔལ་གཤེན་བསྟན་སྨན་རི་དགོན་གྱི་སློབ་གཉེར་བ)

 • 📑 ལྷ་བོན་སྒོ་བཞི་ལས་འཕྲོས་པའི་དཔྱད་གཏམ།

 • ཚུལ་ཁྲིམས་ཤེས་རབ། (ཝཱར་ཎ་ས་མཐོ་སློབ་ཀྱི་སློབ་མ)

 • 📑 བཤད་ཐབས་རྣམ་པ་ལྔ་དང་དེང་དུས་སློབ་ཁྲིད་ཐབས་ལམ།

• ཁྲི་སྐལ་བཟང་། (དཔལ་གཤེན་བསྟན་སྨན་རི་དགོན་གྱི་སློབ་གཉེར་བ)

 • 📑(བོད་ཀྱི་ཡིག་རྙིང་ལས་འཕྲོས་ཏེ་ཟ་ཞེས་པའི་ཐ་སྙད་ཀྱི་དོན་དང་དེའི་འཕེལ་རིམ་ལ་བརྟགས་པ)

 • ཉི་མ་ལྷུན་གྲུབ། (དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས།)

 • 📑 སྦྱིན་པ་རྣམ་བཞིའི་ནང་ཚན་དུ་གྱུར་པའི་གསུར་མཆོད་སྐོར།

དཔྱད་རྩོམ་དང་དྲི་བ་དྲིས་ལན་གྱི་རིམ་པ་རྣམས་གྲུབ་པ་དང་།

མཇུག་བསྡུའི་མཛད་སྒོ། གོ་སྒྲིག་པས་མཇུག་བསྡུའི་གཏམ་བཤད་དང་། བགྲོ་གླེང་གནང་མཁན་ཡོངས་ལ་རྟེན་འབྲེལ་ལེགས་མཚོན་གྱི་ཕྱག་རྟགས་གནང་སྟེ། ཐེངས་འདིའི་བོན་རིག་པའི་བགྲོ་གླེང་ཐེངས་བདུན་པ་དེ་བཞིན་རྒྱལ་ཁའི་ངང་མཇུག་ལེགས་པར་གྲུབ་ཡོད།

 • ✍️ གནས་ཚུལ་མཁོ་སྤྲོད་པ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ༨ ༣༡ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 26 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        འད…
error: རྩོམ་འདི་བདག་དབང་ཅན་ཡིན།