ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་བོད་མེ་རྟ་ལོའི་ལོ་འགོའི་སྒྲུབ་པ་འཚོགས་ནས་བཀའ་དབང་བསྩལ་པ།

འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགོས་པ་དུ་མར་དམིགས་ཏེ་ལོ་ལྟར་སྒྲུབ་པ་ཆེན་མོ་གཏན་འཇག་འཚོགས་སྲོལ་ཡོད་པ་ལྟར། འདི་ལོར་ཡང་ཐོག་མར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བཅའ་བཟོའི་ལས་རིམ་ཚགས་ཚུད་བྱས་ཏེ། ༢༠༢༣ ༣ ༡༠ དང་བོད་མེ་རྟ་ལོ་ཧོར་ཟླ་དང་པོའི་ཚེས་༢༢བཅའ་བཟོ་བྱས་ཤིང་། ཕྱི་ཚེས་ ༡༡ ཉིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཤད་གྲྭ་བ་རྣམས་ཀྱིས་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེ་དང་། སྒྲུབ་གྲྭ་ཁང་དུ་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་གྲྭ་བ་རྣམས་ཀྱིས་བླ་ཆེན་དྲན་པ་གཉིས་ཀྱི་སྒྲུབ་པ་དངོས་སུ་འཚོགས། དེ་བཞིན་འབུམ་བཞིའི་སློབ་གྲྭར་གསོ་རིག་འབུམ་བཞིའི་དགེ་སློབ་རྣམ་པས་སངས་རྒྱས་སྨན་ལྷའི་སྒྲུབ་པ་དང་། གཞི་རིམ་སློབ་གྲྭའི་དགེ་སློབ་རྣམ་པས་ཀེང་ཙེའི་སྒྲུབ་ཆུང་བཅས་འཚོགས་ནས་ཉིན་བདུན་པའི་དགོང་མོ་གབ་སྦས་གསང་བའི་ཤམ་བུ་དང་། ཕྱྭ་སྲས་ཀེང་ཙེ་སྦྲགས་ནས་མཚན་ཕུད་ཀྱི་སྒྲུབ་པ་མཛད། ཕྱི་ཚེས་ ༡༨ ཉིན་འདུས་ཚོགས་དང་། དད་ལྡན་ལྷ་སྡེ་མི་མང་རྣམས་ལ་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་ཟབ་མོ་སྨིན་སྩོལ་མཛད་ཅིང་། རིན་པོ་ཆེ་མཆོག་ནས་དབང་གི་ཉམས་ལེན་འབྲེལ་བའི་སྔོན་དངོས་རྗེས་གསུམ་གྱི་དབང་བཤད་གནད་བསྡུས་གནང་ནས་དབང་བསྐུར་བ་བཅས་ཀྱི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ༣ ༡༨ ཉིན་སྤེལ།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 76 དེ་རིང་། 76)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།