ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒོ་མང་ཟུང་ཆུ་ཁང་ཚན་ནས་ཐུགས་གསོའི་གསུང་འཕྲིན།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། རིང་མོའི་དུས་ནས་གཞི་ཀ་དག་ཁྲེག་ཆོད་དང་ལམ་ལྷུན་གྲུབ་ཐོད་བརྒལ་གྱི་ཉམས་ལེན་ཟུང་དུ་སྦྲེལ་ཞིང་། སྣང་བ་ཆེན་པོ་གསུམ་གྱི་ངང་ནས་ཀུན་ཏུ་བཟང་པོའི་རྒྱལ་སར་རིག་འཛིན་ཆེན་པོའི་སྐུ་མཆོག་མངོན་དུ་བརྙེས་ཟིན་ན་ཡང་། དུས་ངན་སྙིགས་མ་ལྔ་བདོ་བའི་དུས་སུ་མགོན་མེད་པའི་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བསམ་བཞིན་དུ་ཕེབས་ནས་དགུང་གྲངས་བརྒྱ་དང་གཅིག་གི་རིང་། སྐུ་གསུང་ཐུགས་གསུམ་གྱི་མཛད་པ་མཐའ་དག་མ་བཅོས་རང་བབས་གཉུག་མ་འོད་གསལ་གྱི་ངང་དུ་བསྲེས་ནས་ཉིན་མཚན་དུས་དྲུག་ཏུ་རང་བཞིན་རྣམ་པ་བདུན་དང་ལྡན་པའི་ཇི་བཞིན་པ་ཉིད་ཀྱི་སྐྱེ་མཆེད་བླ་མེད་རྫོགས་པ་ཆེན་པོ་རྐྱང་འདེད་གཅིག་སྒྲིལ་གྱི་སྒོ་ནས་འཇོག་ཤེས་སྐྱོང་གསུམ་གྱི་ཉམས་ལེན་བདག་གིར་བཞེས་ནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་འཕྲིན་ལས་འོད་སྣང་དཀར་པོས་གདུལ་བྱ་བསྐྱངས་བའི་བཀའ་དྲིན་བསྩལ་ན་ཡང་། ཉེ་ཆར་གདུལ་བྱའི་རྟག་འཛིན་ལ་སུན་ཕྱུང་ཕྱིར་རེ་ཞིག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དེར། འདི་ག་འབྲས་སྒོ་མང་ཟུང་ཆུ་ཁམས་ཚན་གྱི་དགེ་འདུན་འདུས་མང་གིས་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་གྲངས་མེད་ཞུ་བ་དང་འབྲེལ། ཤུལ་ལུས་འཁོར་ཚོགས་ཡོངས་ལ་ཐུགས་གསོ་གྲངས་མེད་ཞུ་བ་ལགས།

མཐའ་དོན་མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་སླར་ཡང་གདུལ་བྱ་ཡོངས་ཀྱི་བསོད་ནམས་ཀྱི་མཁའ་དབྱིངས་སུ་ཡང་སྤྲུལ་རྟ་བདུན་དབང་པོ་མྱུར་དུ་འཕགས་ནས་ལས་ཅན་སློབ་འབངས་ཚོགས་རྣམས་མྱུར་དུ་རྨོངས་པའི་མུན་པ་ལས་སྒྲོལ་ནས་སྔར་བཞིན་གཡུང་དྲུང་བོན་གྱི་མངོ་སྔགས་རྫོགས་གསུམ་གྱི་བསྟན་པའི་རྒྱལ་མཚན་འདི་ཉིད་ཕྱོགས་བཅུ་ཀུན་ཏུ་བསྒྲེངས་བར་མཆོག་གསུམ་གསོལ་འདེབས་སྨོན་ལམ་ཤུགས་དྲག་དང་བཅས།

དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ཟུང་ཆུ་ཁམས་ཚན་ནས། ཕྱི་ལོ་༢༠༢༥ཟླ་༠༦ཚེས་༡༥ཉིན་ཕུལ་བ་ལགས།

(སྤྱིའི་གཟིགས་གྲངས། 23 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།