ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་ཉེ་ཆར་ཕྱི་ཕྱོགས་སུ་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།

  ༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་ནས་བསྟན་འགྲོའི་བདེ་སྐྱིད་དང་། ཞི་བདེའི་ཐབས་ལམ་གྱི་གཙོ་བོ་སྒོ་གསུམ་ཉམས་ལེན་གྱི་གནད་ལ་བསྐུལ་བར་གཙིགས་ཆེར་འཛིན་གནང་བ་བཞིན་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་སློབ་མ་རྣམས་ཀྱི་ཆེད་དུ་ལོ་རེའི་རྒྱུན་ལྡན་གྱི་མཛད་འཕྲིན་ཆགས་མེད་སྐྱོང་བཞིན་པའི་ཆ་ཤས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༠༤ ནས་དེ་རིང་སྟེ་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༠༦ ཚེས་ ༠༤ བར་ཧྥ་རན་སིའི་བོན་གྱི་གདན་ས་དཔལ་གཤེན་བསྟན་དར་རྒྱས་གླིང་དང་། སུད་ཌན། ཨ་རིའི་ནིའུ་ཡོག་དང་། ཁ་ལ་ཪག་ཌོའི་བོན་གྱི་རྫོགས་ཆེན་སྒོམ་སྡེ་བཅས་སུ་བསྟན་འགྲོའི་མཛད་འཕྲིན་སྐྱོང་སྟེ། གང་ལ་གང་དགོས་དེ་ལ་དེར་སྟོན་གྱི་གདམས་ངག་ལམ་སྟོན་དང་། ཁྲིད་ལུང་རབ་གནས་མཆོད་འབུལ་བཅས་བླ་མར་ཁུར་དུ་འཁྲི་བའི་ཕྱག་ལས་རྒྱ་ཆེ་བསྐྱངས་གྲུབ་ནས་རེ་ཤིག་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།

སྲིད་པའི་མིག་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༠༤ ཉིན།

(སྤྱིའི་གཟིགས་གྲངས། 705 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བདག་ཅག་གི་…
error: རྩོམ་འདི་བདག་དབང་ཅན་ཡིན།