ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་བདེ་བར་གཤེགས་པའི་ཐུགས་དམ་ད་དུང་མ་གྲོལ་བས་སྐུ་གདུང་རང་དགོན་དུ་གདན་འདྲེན་ཞུ་རྒྱུ་སླར་ཡང་དུས་འགྱངས་བྱ་དགོས་བྱུང་བའི་གསལ་བརྡ།

                                                                                                                   
༄༅་། །འཛམ་གླིང་གང་སར་གནས་བཞུགས་གཡུང་དྲུང་བོན་གྱི་དད་ལྡན་རྣམས་དང་།

འབྲེལ་ཐོགས་ཡོངས་ལ་ཆེད་ཞུ།

གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༢ ཉིན་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ད་དུང་ཡང་ངོ་མཚར་ཆེན་པོའི་སྒོ་ནས་ཐུགས་དམ་གཡོ་མེད་དུ་བཞུགས་བཞིན་པར་བརྟེན་སྐུ་གདུང་དགོན་པར་གདན་འདྲེན་ཞུ་རྒྱུ་སླར་ཡང་ཕྱི་འགྱངས་བྱ་དགོས་བྱུང་ཞིང་།

ཐུགས་དམ་གྲོལ་རྗེས་རང་དགོན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གདན་ཞུ་དང་། མི་མང་མཇལ་ཁའི་བརྡ་ཁྱབ་སྔོན་སོང་ལྟར་འབུལ་རྒྱུ་ཡིན་པས་ཐུགས་འཇགས་ཞུ།


གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཡིག་ཚང་ནས་
༢༠༢༥ ཟླ་༦ཚེས་༡༨ ཉིན།

 

                                                                            18 June, 2025
Notice

Dear Devotees and Friends,

Two days ago, we announced that the holy Kudung of our beloved teacher, His Eminence Yongdzin Rinpoche, would be brought to our monastery on Thursday, June 19th. However, Rinpoche still remains in the wondrous and profound state of Thugdam. Therefore, the transportation of his sacred Kudung has been postponed.

We will notify you as soon as a new date is confirmed.



With gratitude and prayers,

The Office of Triten Norbutse Monastery

 

 

 

 

 

 

 

 

 

 





(སྤྱིའི་གཟིགས་གྲངས། 1,101 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅་། །འཛམ་…
error: རྩོམ་འདི་བདག་དབང་ཅན་ཡིན།