ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་བརྒྱ་སྟོན་གྱི་ལོ་འདིར་བཀའ་འགྲེལ་གསལ་བྱེད་ཀྱི་དགོངས་དོན་ལྟར་གསང་བ་སྔགས་ཀྱི་སྐོར་ནས་དམིགས་བསལ་བགྲོ་གླེང་འཚོག་རྒྱུའི་བརྡ་ཁྱབ།

༄༅་།། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་དམ་གྱིས་ཕྱུག་ཅིང་མཁྱེན་དཔྱོད་ཀྱི་བློ་གྲོས་ཡངས་པའི་བོན་འབངས་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ།

མཁྱེན་གསལ་ལྟར་ལོ་འདི་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་པོ་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་༦༦༩འཁོར་བ་དང། ལྷག་ཏུ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བསྟན་འགྲོའི་དོན་དུ་སྐུ་སྐྱེ་མངོན་པར་བལྟམས་ནས་དགུང་ལོ་བརྒྱ་ཐམ་པར་བཞེས་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་སྟབས། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ལོ་འདི་ནི་རྗེ་བླ་མ་མཆོག་གི་བརྒྱ་སྟོན་གྱི་ལོ་ཡིན་པས་རང་རེ་དད་འབངས་རྣམས་ཀྱིས་ཐུན་མིན་གྱི་ལོ་ཞིག་ཡིན་པར་སྲུང་བརྩི་ཞུ་དགོས་པ་ཡིན་ཞེས་གསུངས་ཡོད། སྤྱིར་སྐྱེས་ཆེན་དག་གི་དུས་ཆེན་སྲུང་བརྩི་ཞུ་དོན་ནི་དེ་དག་གི་མཛད་པ་རྣམས་ཡིད་ལ་དྲན་པར་བྱ་རྒྱུ་དང་། ངག་གིས་གླེང་ནས་ཡི་རང་དང་མོས་གུས་ཀྱི་སྒོ་ནས་རྗེས་སུ་འཇུག་ཆེད་དུ་ཡིན་པར་བརྟེན། འདིར་མཁན་རིན་པོ་ཆེའི་ཐུགས་བཀོད་ཀྱི་འོག་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེ། དེ་བཞིན་དགེ་རྒན་ལྷན་ཚོགས་བཅས་ཀྱིས་གཏན་འབེབས་གནང་བ་ལྟར། རྗེ་བླ་མ་མཆོག་གིས་སྐུ་ཡི་དགུང་གྲངས་བརྒྱ་ཡི་རིང་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་འཛམ་གླིང་ཤར་ནུབ་གང་སར་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་རླབས་པོ་ཆེ་བདག་གིར་བཞེས་ཏེ་དུས་འདའ་བར་མཛད་པ་དེ་དག་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། རྗེ་བླ་མ་མཆོག་གི་མཛད་པ་བསམ་ལས་འདས་པ་ཡོད་པའི་ནང་ནས་མཛད་པ་གསུང་གི་འཁོར་ལོའི་ནང་ཚན། བཀའ་འགྲེལ་གསལ་བྱེད་ཀྱི་དགོངས་དོན་གཞིར་བཟུང་ཐོག་(༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་བརྒྱ་སྟོན་དང་འབྲེལ་ཆབ་དཀར་སྔགས་ཀྱི་བགྲོ་གླེང་ཆེན་མོ་)ཞེས་པ་ཞིག་ལོ་འདིའི་ལོ་མཇུག་ལ་འཚོགས་རྒྱུ་གཏན་ཁེལ་བས། རྒྱ་ཆེ་མཁྱེན་ལྡན་ཀུན་གྱིས་དེ་བཞིན་ཐུགས་སྣང་ཡོད་པར་མཁྱེན་མཁྱེན་ཞུ།

བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ་༢༠༢༥ལོའི་ཟླ་༥ཚེས་༡༥ཉིན།

(སྤྱིའི་གཟིགས་གྲངས། 1,404 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་ཕྱི་…
error: རྩོམ་འདི་བདག་དབང་ཅན་ཡིན།