ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྲི་བརྟན་ནོར་བུའི་རྩེ་རུ་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་ཚུལ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་གཡུང་དྲུང་བོན་གྱི་ཞབས་རིམ་ཆེན་མོ་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་བསྡུས།

      གནམ་འོག་གི་འཇིག་རྟེན་འདི་རུ་འཚོ་ཞིང་གནས་པའི་སྐྱེ་འགྲོ་ཡོངས་ཀྱི་རེ་བ་དང་དམིགས་ཡུལ་ནི་ཞི་བདེ་ཡིན་ལ། ཞི་བདེའི་རྩ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད། སངས་རྒྱས་ཀྱི་བསྟན་པ་མ་དར་ན་སེམས་ཅན་གྱི་བདེ་སྐྱིད་དེ་བས་འབྱུང་ཐབས་མེད། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་ལ་ཡི་དམ་བོན་སྐྱོང་སྲུང་མའི་མཐུ་སྟོབས་ནུས་པ་ལ་བརྟེན་དགོས་པ་ལས། དཔལ་འབྱོར་དང་དབང་ཤུགས་སོགས་འཇིག་རྟེན་གྱི་ཤེས་འཇོན་གཅིག་པུས་བྱེད་ཐབས་མེད་པར་སོང་།

   སྐྱབས་རྗེ༧ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དང་། སྐྱབས་རྗེ༧མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས། སྤྱིར་ན་མཁའ་མཉམ་འགྲོ་བ་ཡོངས་ལ་ཞི་བདེ་འཆམས་མཐུན་དང་། ཁྱད་པར་འཛམ་གླིང་གོ་ལ་ཧྲིལ་པོ་གཅིག་གི་སྟེང་དུ་འཚོ་གནས་བྱས་པའི་རྒྱ་ཁབ་ཐམས་ཅད་ཞི་བདེ་འཆམས་མཐུན་ཡོང་བ་དང་།

   ལྷག་པར་དུ་ཞྭ་དཀར་བསྟན་པའི་སྲོག་འཛིན་དཔལ༧རྒྱལ་བ་སྨན་རིའི་བའི་མཁན་སློབ་རྣམ་གཉིས་ཀྱིས་གཙོས། རེས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞད་དོན་ལྷུན་གྱིས་འགྲུབ་པ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་དང་། ས་ཡོམ་ཆུ་ཐན་མེ་སྐྱོན་རླུང་སྐྱོན་སོགས་རང་བྱུང་འབྱུང་བའི་འཇིགས་པ་ཐམས་ཅད་མིང་མེད་དུ་ཞི་བ་དང་། སངས་རྒྱས་བསྟན་པའི་སྙིང་པོ་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་འདི་དག་ཡུན་ནས་ཡུན་དུ་གནས་པ་དང་། དེ་འཛིན་གྱི་དགེ་འདུན་རྣམ་པ་ཐུགས་མཐུན་ཞིང་ཁྲིམས་གཙང་བ་དང་། འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་འཕེལ་ཞིང་རྒྱས་ཏེ་བོན་གྱི་བདེན་མཐའ་མྱུར་དུ་གསལ་བ་དང་། གཏོང་ཕོད་གྱི་ཕྱག་ཟུང་ལྷུག་པར་གྲོལ་བའི་བཀའ་དྲིན་ཅན་གྱི་བསྟན་པའི་སྦྱིན་བདག་རྣམས་ཀྱི་ཚེ་དང་བསོད་ནམས། ལས་དང་སྤྱོད་པ། ཁ་རྗེ་དབང་ཐང་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པའི་སྒོ་དུ་མ་ལ་དམིགས་ནས། གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ཛ་དྲག་གི་གཉན་འཕྲང་དུ་མའི་ནང་དུ་སྲུང་སྐྱོབ་མཛད་མཁན་སྙིགས་དུས་འགྲོ་བའི་མགོན་པོ་གྱེར་སྤུངས་དྲན་པ་ནམ་མཁའ་དང་། མ་གཅིག་སྲིད་པ་རྒྱལ་མོ་གཙོས་བོན་སྐྱོང་སྲུང་མ་རྣམས་ལ་ལོ་ལྟར་འབུམ་ཚོགས་གཉིས་རེ་འབུལ་བཞིན་ཡོད་པ་ལྟར།

   འདི་ལོའི༢༠༡༢ཕྱི་ཟླ༥པའི་ཕྱི་ཚེས༡༨ཉིན་སྲིད་རྒྱལ་འབུམ་ཚོགས་ཀྱི་སྟ་བོན་མཆོད་བཟོ་བྱས་ཏེ་༡༩ནས་༢༥བར་ཉིན་བདུན་རིང་ལ་སྲིད་རྒྱལ་འབུམ་ཚོགས་རྒྱས་འཚོགས་གནང་སྟེ་༢༥ཉིན་ཕྱི་དྲོ་བསྐང་མདོས་ཕུལ་ནས་བཀྲ་ཤིས་གསོལ་ཏེ་གཡུང་དྲུང་བོན་གྱི་ཞབས་རིམ་ཆེན་མོ་མཇུག་གྲུབ་བོ།། །།ཁྱུང་ཁྲི་ལྡེ་དང་བསྟན་པ་དར་རྒྱས་ཟུང་ནས་ཟླ་ཚེས་ 12-05-26 ཉིན།

(སྤྱིའི་གཟིགས་གྲངས། 231 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 &nbs…
error: རྩོམ་འདི་བདག་དབང་ཅན་ཡིན།