ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་མཛད་སྒོ་འཚོགས་པའི་གནས་བསྡུས།

གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་བྱིན་རླབས་རབ་གནས་ཀྱི་མཛད་སྒོ་འཚོགས་པའི་གནས་བསྡུས།

གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་དཔོན་གསས་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེའི་དགོངས་བཞེད་ལྟར། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་གསར་འཛུགས་གནང་བའི་རྒྱ་གར་བྱང་ཤར་ West Bengal ,India ཝིའི་སི་བྷིན་གྷལ་མངའ་སྡེར་ཡོད་པའི་ tise himalayan lnternational school གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭས་གོ་སྒྲིག་འོག་<<འཛམ་གླིང་ཞི་བདེའི་སྨོན་ལམ་དང་བྱིན་རླབས་རབ་གནས་ཀྱི་མཛད་སྒོ་>>ཆེན་མོ་འཚོགས་སྐབས་དང་འབྲེལ། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ཉིད་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུའི་རེ་སྨོན་གསོལ་བ་ཡུན་རིང་བཏབ་པ་བཞིན།

༢༠༡༩ ༠༡ ༡༣ ཉིན་རིན་པོ་ཆེ་སྟོན་འཁོར་བལ་ཡུལ་རྒྱལ་ས་ཀ་ཋ་མན་གྲུའི་གནམ་ཐང་བརྒྱུད་དེ་འདི་གར་ཆིབས་བསྒྱུར་བསྐྱངས་ནས་ Montana Vista མགྲོན་ཁང་དུ་བཞུགས།

༢༠༡༩ ༠༡ ༡༤ ཉིན་ཕྱག་ཚོད་ ༠༩ ཐོག་རིན་པོ་ཆེ་སྟོན་འཁོར་ Siliguri,matigara,Nehalu jote,West Bengal,India.ཤེས་རིག་ཕུན་ཚོགས་གླིང་གི་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། ལྷ་རྒྱལ་ཕྱེ་མར་མཆོད་དེ་སློབ་གྲྭའི་མདུན་ཐང་དུ་དར་ཆ་བསྒྲེངས་ནས་བསྟན་རྒྱས་སྨོན་ལམ་གསུངས། སློབ་གླིང་གི་བཀའ་བརྟེན་གཙུག་ལག་ཁང་དུ་ཕེབས་ནས་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་མི་རྣམ་པས་རིན་པོ་ཆེ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་སུ།

ཤེས་རིག་ཕུན་ཚོགས་གླིང་གི་དྲུང་ཆེ་འཇིགས་བྲལ་ལགས་ནས་མཛད་སྒོའི་ཚོགས་མགོན་དུ་ཕེབས་པའི་རིན་པོ་ཆེ་རྣམ་པ་དང་། བཀུར་འོས་བོན་གྱི་སྤྱི་འཐུས་རྣམ་གཉིས། ས་གནས་ཀྱི་གནད་ཡོད་མི་སྣ་སོགས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་།དེ་ནས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ཀྱི་གཞུང་ལྟར་མངའ་དབུལ་རབ་གནས་རྒྱས་པར་གསུངས་ཏེ་ཕྱག་འབྲུ་དང་མེ་ཏོག་གིས་ཁྱབ་པར་བྱིན་གྱིས་བརླབས། སློབ་གྲྭའི་ཕྱི་ཡི་ཁོག་ཡུག་དང་། འཛིན་ཁང་སོགས་ལ་ཕེབས་ནས་དགེ་སློབ་ཡོངས་ལ་བརྩེ་གཟིགས་ལམ་སྟོན་གྱི་བཀའ་དྲིན་བསྐྱངས།

༢༠༡༩ ༠༡ ༡༥ ཉིན་ཕྱག་ཚོད་ ༠༩ ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་མཇལ་ཁ་ཞུས། ཕྱག་ཚོད་ ༡༠ ཐོག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་ནས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བཀའ་དབང་བསྩལ་གནང་མཛད། 

༢༠༡༩ ༠༡ ༡༦ ཉིན་གྱི་ཕྱག་ཚོད་ ༠༡ ཐོག་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་པས་རྟེན་འབྲེལ་གྱི་ཤིང་སྡོང་འདེབས་འཛུགས་དང་ཐུགས་སྨོན་སྐྱབས་འཇུག་གནང་། དགེ་སློབ་ཡོངས་ལ་རྗེས་བརྩེའི་བཀའ་སློབ་ལམ་སྟོན་གྱི་བཀའ་དྲིན་དང་བརྔན་སྐྱེས་གསོལ་བསྩལ་གནང་བ་བཅས་སོ།།

མདོར་ན་ད་ལན་དད་ལྡན་མང་ཚོགས་རྣམས་ཀྱིས་སྐྱབས་རྗེ་མཁན་སློབ་རྣམ་པ་མཉམ་འཛོམས་ཀྱི་གསེར་ཞལ་མཇལ་བའི་སྐལ་བཟང་དུས་བཟང་ཤར་ཏེ་དབང་དང་རྟེན་འབྲེལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པ་ལ་མཉམ་ཞུགས་ཐུབ་པར་བྱུང་བ་ནི་བསོད་ནམས་གྱི་དཔལ་དུ་གྱུར་རོ།།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༠༡ ༡༦ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 1,898 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. དོ་དམ་པ། ལགས་ཀྱིས:

    བོན་བསྟན་རྒྱས་གྱུར་ཅིག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།