ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཐེངས་ཉེར་དྲུག་པའི་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་པའི་གནས་བསྡུས།

 

བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ད་བར་ཧོར་ཟླ་ ༡༠ པའི་ཚེས་ ༡ ནས་ཚེས་ ༢༡ བར་བདུན་ཕྲག་གསུམ་གྱི་རིང་ལོ་ལྟར་ཚད་མའི་རིགས་སྒྲ་ཆེན་མོ་ནི་ལོ་རྒྱུས་ལྡན་པའི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་འཚོགས་དང་འཚོག་བཞིན་ཡོད་པ་དང་། འདི་ལོར་ཡང་ཚད་མའི་རིགས་སྒྲ་ཚོགས་ཐེངས་ཉེར་དྲུག་པར་ཁེལ་བ་དང་བསྟུན། ཕྱི་ལོ་༢༠༢༡ ༡༢ ༥ ནས་བཟུང་བཤད་གྲྭའི་སློབ་གཉེར་བ་འཛིན་གྲྭ་གོང་འོག་བར་གསུམ་གླིང་ཚན་དྲུག་ཕྱེས་ཏེ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་སློབ་རྣམ་པ། རྩ་འཛིན་སློབ་དཔོན་བཅས་ཀྱི་མདུན་ལ་གླིང་ཚན་ཁག་སོ་སོར་བགོས་ནས་རྗེ་ཡི་ཚད་མ་ལེའུ་གསུམ་པ་མངོན་རྗེས་གཉིས་ལས་རྗེས་དཔག་གི་སྐོར་དམིགས་བསལ་དཔེ་ཁྲིད་དང་འབྲེལ་འཆད་རར་རྩོད་སྦྱོང་དང་ཐུག དགོང་མོར་རྒྱན་འཐེན་གྱི་དམ་བཅའ། བདུན་ཕྲག་གསུམ་པའི་ཉིན་གསུམ་ནས་དྲུག་བར་རིགས་ལམ་འགྲན་རྩོད་ཀྱི་ཐུག་ཆེན་བཅས་བརྒྱབ་སྟེ་བཤད་སྒྲུབ་མཁན་རིན་པོ་ཆེས་མཇུག་བསྡུའི་བཀའ་སློབ་གནང་རྗེས་སུ་ཐེངས་འདིའི་ཚད་མའི་རིགས་སྒྲ་ཆེན་མོ་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༡༢ ༢༤ ཉིན་སྤེལ།། །།

པར་པ་གཡུང་དྲུང་ཐོགས་མེད་དང་ཚུལ་ཁྲིམས་ཉི་མ།

(སྤྱིའི་གཟིགས་གྲངས། 913 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅་། གཡུང་…
error: རྩོམ་འདི་བདག་དབང་ཅན་ཡིན།