ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་ཀུན་རིག་ལས་རྒྱུན་ལྔའི་སྦྱིན་སྲེག་གསུང་བཞིན་པ།

འབྲེལ་ཡོད་དད་སྦྱིན་རྣམས་ཀྱི་ཐུགས་འདུན་རེ་སྐོང་གི་ཆེད་དུ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེ་གྲྭ་ཚང་གི་གོ་སྒྲིག་ཐོག ཉིན་གྲངས་མང་པོའི་རིང་སྦྱིན་སྲེག་དག་འབྲི་དང་རྫས་ཕུན་སུམ་འཚོགས་པའི་བཤམ་བཀོད་ལེགས་པར་བགྱིས་ཏེ། ཕྱི་ལོ་ ༢༠༢༡ ༡༢ ༢༩ ཉིན་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་དང་། མཁན་པོ་དགེ་བཤེས་ལུང་རིག་ཉི་མ་སོགས་དགེ་བཤེས་བླ་གྲྭ་རྣམས་ཀྱིས་སྦྱིན་སྲེག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཉིན་གྲངས་དྲུག་གི་རིང་ལ་མཆོད་སྦྱིན་རྒྱས་པ་འབུལ་བའི་ཕྱག་ལེན་གནང་བཞིན་པ་བཅས་ཀྱི་གནས་བསྡུས་སུ། འབྲེལ་ཡོད་དད་ལྡན་ཀུན་གྱིས་མཁྱེན་རྟོགས་ཡོང་ཕྱིར་དུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༡༢ ༢༩ ཉིན་སྤེལ།། །།

པར་པ་ཏི་སེའི་བུ།

(སྤྱིའི་གཟིགས་གྲངས། 1,072 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  བཤད་སྒྲུ…
error: རྩོམ་འདི་བདག་དབང་ཅན་ཡིན།