ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་ཉེར་བདུན་པ་འཚོགས་པ།

ཚད་མའི་རིགས་སྒྲ་ཆེན་མོ་འདི་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་༸གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་འདིར་ལོ་ལྟར་གཏན་འཇགས་སུ་ཧོར་ཟླ་བཅུ་པའི་ནང་མཚན་ཉིད་ཀྱི་སློབ་གཉེར་བ་ཚང་མ་མཉམ་ཞུགས་ཀྱིས་བདུན་ཕྲག་གསུམ་རིང་འཚོག་བཞིན་ཡོད། དེའི་སྐབས་དཔེ་ལྟའི་ཡིག་ཆ་གཙོ་བོ་དང་གཞུང་ཁྲིད་གཙོ་བོ་ནི་རྗེ་རིན་པོ་ཆེས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་ཡིན་ལ། གཞན་ཟུར་ལྟའི་ཡིག་ཆ་འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་བཏུས། དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མའི་རྩ་འགྲེལ།གཏན་ཚིགས་ངེས་པའི་གལ་མདོ་སོགས་རང་ལུགས་ཁུངས་ཐུབ་ཀྱི་ཚད་མའི་གཞུང་རྣམས་ཟུར་རྒྱན་གནང་གི་ཡོད།

ད་ལན་དགོན་འདིར་ཚད་མའི་རིགས་སྒྲ་ཐེངས་ཉེར་བདུན་པ་དེ་བོད་ཆུ་སྟག་ལོའི་ཧོར་ཟླ་ ༡༠ པའི་ཚེས་ ༡ དང་། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ པའི་ཚེས་ ༢༤ ནས་བཟུང་བདུན་ཕྲག་གསུམ་རིང་དངོས་སུ་འཚོགས་ཤིང་། སྔར་རྒྱུན་བཞིན་མཚན་ཉིད་ནང་གི་སློབ་གཉེར་བ་རྣམས་གླིང་ཚན་སོ་སོར་བགོས་ཏེ་སྔ་དྲོར་འཆད་ར་ཆུ་ཚོད་གཉིས་དང་། དཔེ་ཁྲིད་ཆུ་ཚོད་གཅིག ཕྱི་དྲོ་གླིང་ཚན་ཕན་ཚུན་ཐུག་ཆུང་ཆུ་ཚོད་གཅིག་དང་། དགོང་མོ་དམ་བཅའ་གང་བབ་རྒྱན་ཤོག་འཐེན་ཏེ་ཆུ་ཚོད་གསུམ་རིང་དམ་བཅའ་འཚོགས།

བདུན་ཕྲག་ཐ་མའི་ཉིན་གསུམ་རིང་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། བཤད་མཁན་རིན་པོ་ཆེ། དེ་བཞིན་རྩ་གཞུང་འཛིན་པའི་དགེ་རྒན་རྣམས་པས་ཟུར་དཔང་མཛད་དེ་གླིང་ཚན་ཕན་ཚུན་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་རེར་ཚད་མའི་རིགས་ལམ་གྱི་ཐོག་ནས་ཁྱབ་ལོག་མང་ཉུང་གིས་རྒྱལ་ཕམ་གྱི་ཐུག་ཆེན་བརྒྱབ་མཐར་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་ནས་གྲྭ་མང་ཡོངས་ལ་དམིགས་བསལ་བཀའ་སློབ་གནད་སྨིན་བསྩལ་གནང་དང་བཅས་ཚད་མའི་རིགས་སྒྲ་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༣ ཉིན་རྒྱལ་ཁའི་ངང་མཇུག་གྲུབ་པའི་གནས་བསྡུས་སུ་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ནས།

པར་པ་ཚུལ་ཁྲིམས་དྲི་མེད་དང་ཚུལ་ཁྲིམས་དཔལ་བཟང་།

(སྤྱིའི་གཟིགས་གྲངས། 155 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་ཕྱི་…
error: རྩོམ་འདི་བདག་དབང་ཅན་ཡིན།