གདན་ས་ཁྲི་བརྟན་ནོར་བུ་རྩེར་སྟོན་པའི་འདས་མཆོད་སྲུང་བརྩི་ཞུ་བཞིན་པ།
འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ལོ་ལྟར་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་དང་འདས་མཆོད་སྲུང་བརྩི་ཞུ་བའི་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༢༤ ༡༡ ༣༠ ཉིན་འདས་མཆོད་ཀྱི་སྟ་གོན་ལེགས་བསྒྲུབས་ཏེ་ཕྱི་ཟླ་ ༡༢ པའི་ཚེས་ ༡ བོད་ཤིང་འབྲུག་ལོའི་ཧོར་ཟླ་ ༩ ༣༠ ཉིན་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་ཞོགས་པར་འདུལ་བའི་གསོ་སྦྱོང་འཚོགས། དེ་ནས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་གཞུང་བསྲངས་ཤིང་། ཉིན་གུང་བླ་མ་མཆོད་པའི་སྒོ་ནས་རྣམ་ལྔའི་མཆོད་སྤྲིན་རྒྱས་འབུལ་ཞུས། དགོང་མོར་དད་ལྡན་རྣམས་དང་འདུས་མང་ནས་སྣང་གསལ་སྒྲོན་མེའི་མཆོད་པ་འབུལ་རྒྱུ་སོགས་དགེ་སྐུལ་ཅི་འབྱོར་ཞུ་རྒྱུ་བཅས་ཀྱི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༤ ༡༢ ༡ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།