ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་སྟོན་པའི་འདས་མཆོད་འཚོགས་པའི་གནས་བསྡུས།

གཡུང་དྲུང་བོན་ལུགས་འཛིན་པ་དག་གིས་ངེས་པར་དུ་མཁྱེན་རྟོགས་དགོས་པ་ནི་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་མཛད་པ་དག་ཡིན་ཞིང་ལྷག་པར་དུ་འཁྲུངས་འདས་ཀྱི་དུས་ཚིགས་གཉིས་ནི་ཅིས་ཀྱང་སངས་རྒྱས་ཀྱི་མཛད་པ་རྗེས་དྲན་གྱི་དུས་ཚོད་གལ་ཆེན་ཞིག་ཆགས་ཡོད། འདི་ག་༧གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ལོ་ལྟར་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་དང་འདས་མཆོད་སྲུང་བརྩི་ཞུ་བའི་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༢༠༢༥ ༡༡ ༡༩ ཉིན་འདས་མཆོད་ཀྱི་སྟ་བོན་ལེགས་པར་བསྒྲུབས་ཏེ་ཕྱི་ཚེས་ ༢༠ བོད་ཤིང་སྦྲུལ་ལོའི་ཧོར་ཟླ་ ༣༠ ཉིན་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་ཞོགས་པར་གསོ་སྦྱོང་དང་ཉིན་འདིར་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་གཞུང་བསྲང་སྟེ་མཆོད་འབུལ་གསོལ་འདེབས་ཞུས་པ་དང་། དགོང་མོར་དད་ལྡན་རྣམས་དང་འདུས་མང་ནས་སྣང་གསལ་སྒྲོན་མེའི་མཆོད་པ་ཕུལ་ཏེ་འདས་མཆོད་སྲུང་བརྩི་ཞུས་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༢༥ ༡༡ ༢༠ ཉིན་སྤེལ། 

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 247 དེ་རིང་། 80)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྐྱེ་འགྲོ་…
error: རྩོམ་འདི་བདག་དབང་ཅན་ཡིན།