ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་སྡུར་ཐེངས་བཅུ་གསུམ་པ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༠༥ པའི་ཚེས་ ༢༩ ནས་ ༣༠ བར་ཉིན་གཉིས་ཀྱི་རིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེས་བཀོད་སྒྲིག་འོག  གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཆོག་ལྔའི་གསས་ཁང་མཐོང་གྲོལ་འོད་འབར་གྱི་ནང་དུ། དཔྱད་འདེམས་པ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་སངས་རྒྱས་ཡེ་ཤེས། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་ཕུན་ཚོགས། རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་བཅས་དང་། ལྟ་སྐྱོང་བ་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཡུང་དྲུང་རིག་འཛིན་དང་རྒྱུན་ལས་རྣམ་པ་ཚང་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་གཉེར་བ་ཐེག་འགྲེལ་འཛིན་གྲྭ། རྟགས་རིགས་འཛིན་གྲྭ། སྡུད་གྲྭའི་འཛིན་གྲྭ། ཁྱོན་བསྡོམས་སློབ་གཉེར་བ་ ༣༤ གཏམ་བཤད་འགྲན་སྡུར་ལ་དངོས་སུ་ཞུགས་ཡོད། གཏམ་བཤད་ཀྱི་བརྗོད་གཞི་སོ་སོའི་འདོད་མོས་གདམ་པ་ལྟར། བཤེས་གཉེན་བླ་མ་བསྟེན་ཚུལ་སྐོར། ཕ་ཡུལ་ལ་སོང་བའི་ཚོར་སྣང་སྐོར། ཕུན་སུམ་ཚོགས་པ་ལྔ་ཡི་སྐོར། ཆོས་ལུགས་སྐོར། འབྲས་ལྗོངས་ཀྱི་ལོ་རྒྱུས་སྐོར། ཕྱི་དང་ནང་གི་སློབ་སྦྱོང་སྐོར། ཆང་དང་ཐ་མ་ཁའི་ཉེས་དམིགས་སྐོར། ཁྲི་འཛིན་སོ་གསུམ་པའི་རྣམ་ཐར་ཉུང་བསྡུས་སྐོར། སློབ་སྦྱོང་བྱེད་པའི་ཕན་ཐོགས་སྐོར། ང་ཚོའི་དགོན་པའི་ཁོར་ཡུག་སྐོར། རྒྱུ་འབྲས་མན་ངག་བདུན་གྱི་སྐོར། སྨན་རིའི་མཁན་རབས་རིམ་བྱོན་སྐོར། བླ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་སྐོར། སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་སྐོར། དགོན་པའི་སྐོར། རང་ཡུལ་མཚོའི་སྐོར། རྟགས་ཀྱི་སྐོར། གྲྭ་པ་དང་མི་སྐྱ་གཉིས་ཀྱི་འཚོ་ཐབས་སྐོར། གདུང་འཚོབ་མུ་ཆོ་ལྡེམ་དྲུག་སྐོར། ཚད་མེད་རྣམ་བཞིའི་སྐོར། བླ་མའི་སྐོར། ཆང་གི་ཉེས་དམིགས་སྐོར། མངོན་གྱུར་དང་ལྐོག་གྱུར་གཉིས་ཀྱི་སྐོར། ཁོར་ཡུག་སྲུང་སྐྱོབ་སྐོར། འཕྲོད་བསྟེན་ཤེས་བྱའི་སྐོར། སྒོ་ཕྱུགས་ངུད་འགྲོ་དང་སེམས་ཅན་སྐོར། དཔལ་ལྡན་ཁྲི་བརྟན་ནོར་རྩེའི་ལོ་གཅིག་གི་རིང་དུས་ཆེན་སོགས་ཀྱི་སྐོར་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད། དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་བརྗོད་དོན་གྲ་སྒྲིག་ཚགས་ཚུད་ཡོད་མེད་དང་། བཤད་ཐབས་མཁས་མིན་སོགས་ལ་གཞིགས་ཏེ་སྐར་གྲངས་སྤྲད་ཡོད་པ་དང་། བཤད་སྒྲུབ་་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་མཇུག་བསྡུའི་བཀའ་སློབ་ཟབ་རྒྱས་གནང་ནས་དགེ་སློབ་ལས་བྱེད་བཅས་མཉམ་པར་བསྒྲོན་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཏི་སེའི་བུ་ནས་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༥ པའི་ཚེས་ ༣༠ ཉིན།

(སྤྱིའི་གཟིགས་གྲངས། 536 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ཉེ་ལམ་སྡ…
error: རྩོམ་འདི་བདག་དབང་ཅན་ཡིན།