ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་༣༢པའི་ཡིག་རྒྱུགས་ཆེན་མོ། 

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་ལོ་རེར་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བཤད་གྲྭའི་སློབ་གཉེར་བ་ཡོངས་རྫོགས་མཉམ་དུ་གཏོང་དགོས་པས། ཡིག་རྒྱུགས་ཀྱི་ཆེད་དུ་སློབ་གཉེར་བ་རྣམས་ཟླ་བ་གཅིག་གི་རིང་སྐབས་བབ་བསླབ་བྱའི་རྩ་འགྲེལ་རྣམས་ལ་ཆེད་དམིགས་ཀྱིས་སྦྱོང་བརྡར་བྱེད་ནས་རྒྱུགས་སྤྲོད་གཏོང་སྲོལ་ཡོད། འདི་ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་སོ་གཉིས་པའི་གོ་སྒྲིག་འོག་བོད་མེ་རྟ་ལོའི་ཧོར་ཟླ་༠༦པའི་ཚེས་༢༩དང་།  ཕྱི་ལོ་༢༠༢༦ཕྱི་ཟླ་༠༨པའི་ཚེས་ ༡༡ཉིན། ༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་པོ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་རྣམ་པ་དང་དགེ་བཤེས་རྣམ་པ་བཅས་ཀྱིས་སྟངས་འཛིན་འོག ཞོགས་པའི་ཕྱག་ཚོད་༠༧ པའི་ཐོག་རྒྱུགས་ཞུགས་པ་རྣམས་ཐོ་འགོད་གནང་སྟེ། རྒྱུགས་སྤྲོད་དོ་དམ་མི་སྣས་རྒྱུགས་ཞུགས་རྣམས་ནས་ཤོག་འཛར་སོགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་དང་འགལ་བའི་རིགས་ཁུར་ཡོད་མེད་ལུས་བཤེར་བྱས་ཏེ་རྒྱུགས་སྤྲོད་ར་བའི་ནང་དུ་ཨང་རིམ་བཞིན་སོ་སོའི་བཞུགས་གྲལ་དུ་འཁོད་དེ་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་བཀྲམས། དེ་རྗེས་ཕྱག་ཚོད་༠༧དང་སྐར་མ་༣༠་ཐོག་སྒྲུབ་གྲྭའི་དགེ་སྐོས་མཆོག་ནས་རྒྱལ་རྔས་བརྡ་བཏང་སྟེ་རྒྱུགས་སྤྲོད་བྱེད་འགོ་ཚུགས། རྒྱུགས་སྤྲོད་ལ་དངོས་སུ་ཞུགས་མཁན་གྱི་སློབ་གཉེར་བ་ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རིམ་བཅུ་གསུམ་གྱི་སློབ་འཆར་རེའུ་མིག་ལྟར་ཚད་མ་ལོ་རིམ་དང་པོའི་འཛིན་གྲྭ་ནས་རྫོགས་ཆེན་འཛིན་གྲྭ་བར་གྱི་སློབ་གཉེར་བ་རྣམས་རྒྱུགས་ཁོངས་སུ་ཞུགས་ཡོད། དེ་བཞིན་གཞི་རིམ་སྔོན་འགྲོའི་སློབ་ཕྲུག་རྣམས་ལོ་ལྟར་ཟླ་བ་དྲུག་རེའི་མཚམས་ནས་རྒྱུགས་སྤྲོད་གཏོང་སྲོལ་ཡོད་པ་དང་། སློབ་ཚན་ལའང་བོད་ཡིག་དང་། བལ་སྐད། སྤྱིར་བཏང་ཚན་རིག ཨང་རྩིས། དབྱིན་སྐད། སྤྱི་ཚོགས་ཚན་རིག ཡིག་གཟུགས། གཏམ་བཤད་བཅས་ཡོད་པ་རྣམས་དགེ་རྒན་གྱིས་སློབ་སྟོན་ཇི་ལྟར་གནང་བ་ལྟར་སྦྱོང་བརྡར་འབད་བརྩོན་ཧུར་ཐག་གནང་སྟེ་སློབ་སྦྱོང་ཡར་སྐུལ་ཆེད་འཆར་ཅན་ལྟར་ཟླ་དྲུག་མཚམས་སུ་རྒྱུགས་སྤྲོད་བཏང་དང་གཏོང་མུས་སུ་ཡིན་པ་དང་། འདི་ལོ་ཡང་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་གཙོས་དགེ་ལས་རྣམ་པའི་དབུ་ཁྲིད་འོག ཕྱི་ལོ་ ༢༠༢༦ཕྱི་ཟླ་༠༧ཕྱི་ཚེས་༠༩ཉིན་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་འགོ་བརྩམས་ཏེ་ཕྱི་ཚེས་༡༤བར་བོད་ཀྱི་སྐད་ཡིག་དང་། ཨང་རྩིས། དབྱིན་སྐད། སྤྱིར་བཏང་ཚན་རིག བལ་པོའི་སྐད་ཡིག བལ་པོའི་སྤྱི་ཚོགས་ཚན་རིག སྤྱི་ཚོགས་ཚན་རིག་དང་། རི་མོ། དཔེ་ཆ་ཤར་འདོན་དང་། བགྲོ་གླེང་།  ཡིག་གཟུགས་བཅས་ཀྱི་རྒྱུགས་སྤྲོད་བཏང་སྟེ་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ༠༧ ༡༡ཉིན་སྤེལ། 

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 61 དེ་རིང་། 61)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།