ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོད་རྒྱུགས་ཐེངས་བཅོ་ལྔ་པ་ལེགས་གྲུབ་བྱུང་བའི་གནས་བསྡུས།

གཡུང་དྲུང་གི་བོན་ལ་བརྗོད་བྱ་དོན་གྱིས་བསྡུས་པ་དང༌། རྗོད་བྱེད་ཚིག་གིས་བསྡུས་པ་གཉིས་ཡོད་པ་ལས། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ཞེས་པ། བོན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་པའི་རྣམ་བཞག་བཀའ་དང་བཀའ་བརྟེན་རྣམས་ཡིན། དེ་ཡང་ཡིད་ཅན་འགྲོ་བ་མཐའ་དག་གི་འདི་ཕྱིའི་ལེགས་ཚོགས་དང༌། ལུགས་གཉིས་རྣམ་བཞག་གི་ལེགས་ཉེས་བླང་དོར་ཤེས་མིན་གྱི་གནད་ནི་གསུང་རབ་འདི་དག་གི་དོན་རྟོགས་མིན་ལ་རག་ལུས་པར་བརྟེན། སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་འདི་ཉིད་གསར་དུ་གཏོད་གནང་བ་ཞིག་ཡིན། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་ཀྱང་། རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།། འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས།། རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི།། དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པ་རིགས།། ཞེས་གསལ་བ་ལྟར་འདི་ག་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་འཆར་ཅན་ལྟར་རྩོད་སྦྱོང་གི་ནང་ཚན་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཧོར་ཟླ་བཅུ་གཅིག་པའི་ཟླ་འཇུག་ཏུ་བཏང་དང་གཏོང་བཞིན་ཡོད་པས། འདི་ལོའི་རྩོད་རྒྱུགས་ཆེན་མོ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༡༦ ཉིན་སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གནམ་པས་གྲ་སྒྲིག་ལེགས་པར་གནང་སྟེ། ཕྱི་ཚེས་ ༡༨ ཀྱི་ཞོགས་པ་ཕྱག་ཚོད་ ༧ དང་སྐར་མ་ ༢༠ ཐོག་འཛིན་གྲྭ་སོ་སོས་དམ་བཅའི་རྒྱན་ཤོག་འཐེན། ཕྱག་ཚོད་ ༨ དང་སྐར་མ་ ༣༠ ཐོག་༧ སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་། བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་གནམ་པ་གསུམ་དང་། གཞན་རྩ་འཛིན་སློབ་དཔོན་གནམ་པ། དགེ་བཤེས་གནམ་པ་དབུ་བཞུགས་ཐོག་འདི་ལོའི་རྩོད་རྒྱུགས་དངོས་སུ་དབུ་ཚུགས་ཏེ་ཉིན་གཉིས་ཀྱི་རིང་རྒྱུགས་སྤྲོད་གནང་སྟེ་ལེགས་པར་མཇུག་བསྡུས་པའི་གནས་བསྡུས་སུ།

རིག་པའི་མེ་ལྕེ་ནས་ཕྱི་ལོ ༢༠༢༣ ༠༡ ༢༠ ཉིན།

པར་པ་ཚུལ་ཁྲིམས་རབ་བརྟན།

(སྤྱིའི་གཟིགས་གྲངས། 639 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།