ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན།

གཟེར་མིག་ལས། གཡུང་ཞེས་བྱ་བ་དོན་ལ་མི་ཡེངས་པ། །དྲུང་ཞེས་བྱ་བ་རྟགས་ལ་མི་འགྱུར་བ། །བོན་ཞེས་བྱ་བ་དབྱིངས་ཉིད་བདལ་པའི་ཀློང་། །ཞེས་པའི་མི་ཡེངས་པ་ནི་རྣམ་མཁྱེན་གྱི་ཡེ་ཤེས་ཡིན། མི་འགྱུར་བ་ནི་སྟོང་པ་ཉིད་ཡིན། །དབྱིངས་ཉིད་བདལ་པ་ནི་དབྱིངས་རིག་དབྱེར་མེད་ཁྱབ་བདལ་དུ་གནས་པ་ལ་ཟེར། དེ་ནི་བོན་ཉིད་དོ། །ཞེས་སོ། །

5320cookie-checkགཡུང་དྲུང་བོན།
(སྤྱིའི་གཟིགས་གྲངས། 11 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཀའ་རབས་འབ…