ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐུགས་རྗེ་ཆེ་ཞུ།

༄༅་།འཛམ་གླིང་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་དད་ལྡན་མང་ཚོགས་ཡོངས་ལ་ཆེད་ཞུ། རྒྱལ་བསྟན་སྤྱི་དང་སྒོས་སུ་རང་ཅག་གཡུང་དྲུང་བོན་གྱི་བསྟན་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཁམས་བདེ་མིན་གྱི་སྐབས་འདིར་སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དུ་བོད་གཞིས་བྱེས་གཉིས་ཀྱི་གཡུང་དྲུང་བོན་གྱི་དགོན་སྡེ་གྲྭ་ཚང་དང་མང་ཚོགས་སྤྱི་སྒེར་ཀུན་དང་། དེ་བཞིན་ཤར་ནུབ་ཡུལ་གྲུ་གང་སར་འཁོད་པའི་བོན་གྱི་བླ་སློབ་དང་ཚོགས་སྡེ་ཁག་གིས་དད་གུས་གདུང་བ་ཚད་མེད་ཀྱི་སྒོ་ནས་བླ་ཆེན་དྲན་པའི་འབུམ་ཚོགས་དང་སྟག་ལ་དང་སྲིད་རྒྱལ་དྲེའུ་དམར་དང་མ་བདུད་བཙན་རྒྱལ་གྱི་ཚོགས་མཆོད་དང་ཚེ་སྒྲུབ་དང་བྱམས་མའི་བསྙེན་པ་དང་སྒྲོལ་མའི་གཟུངས་སྔགས་སོགས་གང་མང་གསོག་སྒྲུབ་གནང་དང་གནང་བཞིན་ཡོད་པ་རྣམས་འདི་ག་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དང་གྲྭ་ཚང་ཡོངས་ཀྱིས་གསལ་པོར་ཤེས་བཞིན་ངོས་རྗེས་སུ་ཡི་རངས་དང་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ་དང་།སྤྱི་སྒེར་ཀུན་གྱིས་ཞབས་བརྟན་གསོག་སྒྲུབ་གང་གནང་རིམ་པར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་སྙན་གསན་ཞུ་བཞིན་ཡོད།གཡུང་དྲུང་བོན་གྱི་བདེན་སྟོབས་དང་།མཆོག་གསུམ་དམ་ཅན་རྒྱ་མཚོའི་བྱིན་མཐུ།བླ་སློབ་འདུས་པ་རྒྱ་མཚོའི་དད་དམ་བཅས་ལ་བརྟེན་ནས་༧སྐྱབས་རྗེ་མཆོག་གི་སྐུ་ཁམས་མྱུར་དུ་དྭངས་ཤིང་ཞབས་པད་གཡུང་དྲུང་གི་ཁམས་སུ་བརྟན་པའི་རེ་བ་དང་སྨོན་འདུན་ཤུགས་དྲག་བཅས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་སྤྱི་ལོ་༢༠༢༡ཟླ་༧ཚེས་༤ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 879 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ༄༅། འཛམ་…
error: རྩོམ་འདི་བདག་དབང་ཅན་ཡིན།