ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འབྲས་ལྗོངས་བོན་དགོན་སོག་གཡུང་དྲུང་གླིང་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོ།


སོག་གླིང་།༤༄༅། ། ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༢༠༡༣། ༤། ༢༥ ཉིན་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་ཡང་སྒང་ Sikkim Yangang ས་གནས་སུ་སོག་གཡུང་དྲུང་གླིང་བོན་དགོན་ཕྱག་བཏབ་ནས་ལོ་འདིར་ལེགས་གྲུབ་བྱུང་བ་དང་བསྟུན། ༢༠༡༦། ༡༢། ༢༤ ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མངའ་དབུལ་རབ་གནས་སྒོ་འབྱེད་ཀྱི་མཛད་སྒོ་ཆེན་མོ་དབུ་འཛུག་གནང་བ་དང་འབྲེལ། ༢༠༡༦། ༡༢། ༢༨  ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག  ༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་བཅས་སོག་གཡུང་དྲུང་གླིང་དུ་ཞབས་སོར་འཁོད་དེ་བསང་མཆོད་སེར་ཕྲེང་གི་ཕེབས་བསུ་དང་བཅས་མནྜལ་འདེགས་འབུལ་ཞུས་པ་དང་། ཚེས་༢༩ ཉིན་གྱི་སྔ་དྲོར་རྒྱ་བལ་གདན་ས་རྣམ་གཉིས་ཀྱི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ་མཆོག་དང་། ལ་དྭགས་གཡུང་དྲུང་བོན་རིག་གཞུང་གཅེས་སྐྱོང་ཁང་གི་དབུ་འཛིན་གཙོས་དགེ་འདུན་འདུས་ཚོགས་ཀྱིས་གཙུག་ལག་ཁང་དུ་མངའ་དབུལ་རབ་གནས་མཛད་ཅིང་རྣམ་དཀར་དད་སྦྱིན་ཚོགས་ཀྱིས་བསྙེན་བཀུར་མང་ཇའི་མཆོད་སྤྲིན་རྒྱས་འབུལ་ཞུས། ཕྱི་དྲོར་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་གནང་། ཚེས་༣༠།ཉིན་གྱི་སྔ་དྲོར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྐུ་ཚབ་སོ་ནམ་བློན་ཆེན་ Som Nath Poüdyal མཆོག་དང་། རྒྱ་བལ་གདན་ས་རྣམ་གཉིས་ཀྱི་མཁན་སློབ་རྣམ་པ་གཙོས་པའི་བླ་སྤྲུལ་དགེ་འདུན་གྱི་སྡེ། སོག་གླིང་།༦འབྲས་ལྗོངས་མངའ་སྡེའི་དྲུང་ཡིག་ཆེན་མོ་ཡབ་ཚེ་རྒྱལ་བཀྲ་ཤིས། ས་གནས་ཀྱི་རྫོང་དཔོན་དང་ཁྲིམས་དཔོན་སོགས་འབྲེལ་ཡོད་དཔོན་རིགས་ཁག བོན་སྤྱི་རྣམ་གཉིས་དང་། ར་ཝང་ལ་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ་སོགས་སྐུ་མགྲོན་རྣམ་པ་དང་། སེར་སྐྱ་མང་ཚོགས་འདུ་འཛོམས་ཐོག་སོག་གཡུང་དྲུང་གླིང་གི་གཙུག་ལག་ཁང་ཆེན་མོ་སྒོ་འབྱེད་མཛད་དེ་སྣང་གསལ་སྒྲོན་མེ་སྤར་ནས་བཀྲ་ཤིས་ཀྱི་འབྲུ་དང་མེ་ཏོག་གིས་ཁྱབ་པར་བྱས། སོག་གླིང་།༢དེ་ནས་འབྲེལ་མཐུད་པས་མཛད་རིམ་ངོ་སྤྲོད་གནང་བ་དང་འབྲེལ་དགོན་པ་གསར་བཞེངས་སྐབས་ཀྱི་འགན་ཁུར་མི་སྣ་དང་། ས་ཆ་གནང་སྦྱིན་མཁན། གཙུག་ལག་ཁང་དབུས་ཀྱི་སྐུ་བརྙན་སྦྱིན་བདག་བཅས་པར་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་གནང་བ་དང། སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་ནས་ཁོང་གིས་དགོན་པ་འདི་ཕྱག་འདེབས་དགོས་དོན་ནི་བསྟན་འགྲོ་སྤྱི་དང་། སྒོས་སུ་འབྲས་ལྗོངས་ཀྱི་མི་མང་དང་། ཡང་སྒོས་སུ་དུད་ཚང་གཉོམ་ཆུང་གི་ཕྲུ་གུ། ཕ་མེད་མ་མེད་ཀྱི་དྭ་ཕྲུག་རྣམས་མི་ཚེའི་མདུན་ལམ་སྟོན་ས་ཞིག་ཏུ་དམིགས་ཏེ་ཕ་མ་ཞིག་གི་འགན་ཁུར་ནས་གཞུང་གི་སློབ་གྲྭ་གཏོང་ཞོར་དུ་ནང་ནུབ་ཆོས་ལུགས་སློབ་སྦྱོང་བྱེད་དུ་འཇུག་ཚུལ་སོགས་དགོས་དམིགས་དང་འབྲེལ་བའི་གསུང་བཤད་བལ་བོད་གཉིས་ཀྱི་སྐད་རིགས་ཐོག་གནང་། སོག་གླིང་།༣དེ་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་དབྱིན་སྐད་ཐོག་ནས་གཡུང་དྲུང་བོན་གྱི་བྱུང་རིམ་དང་། ཡུལ་ལུང་འདིའི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བདག་གཅེས་ཐོག ཆོས་ལུགས་གཞན་དང་ཕན་ཚུན་མཐུན་ལམ་དམ་ཟབ་གནང་དགོས་ཚུལ་གྱི་གསུང་བཤད་གནང་རྗེས། སོག་གླིང་།༥སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་སོ་ནམ་བློན་ཆེན་ som Nath Poüdyal མཆོག་གིས་ལུང་པ་འདིའི་ནང་དུས་ཚོད་ཐུང་ཐུང་ནང་དགོན་པ་འདི་འདྲ་ཞིག་འཛུགས་སྐྲུན་གནང་བ་ལ་རྗེས་སུ་ཡི་རངས་དང་། མ་འོངས་པར་མངའ་སྡེའི་གཞུང་ནས་རོགས་འདེགས་གང་དགོས་མ་འཆུག་པ་གནང་རྒྱུ་མ་ཟད། ས་གནས་འདིར་དགོན་སྡེ་འཛུགས་སྐྲུན་གནང་བ་སོགས་ཀྱི་གནས་སྟངས་རྣམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྙན་གསན་ཞུ་རྒྱུ་ཡིན་པ་སོགས་ཀྱི་གསུང་བཤད་ཟབ་རྒྱས་བསྩལ། དེ་རྗེས་དགོན་སྡེའི་འཛིན་སྐྱོང་ཚོགས་མིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། མཐར་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་གྲུབ་མཆོད་སྨོན་ལམ་གསུངས་རྗེས་མཛད་སྒོ་དེ་ཉིད་མཇུག་ལེགས་པར་གྲུབ་པའི་གསར་གནས་སུ་ཏི་སེའི་བུ་ནས་ ༢༠༡༦། ༡༢། ༣༠ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 85 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།