ཡོངས་འཛིན་ཆེན་མོའི་བརྒྱ་སྟོན་རྩོམ་བརྡ།
༄༅། །མཚུངས་མེད་སྐྱབས་གནས་བླ་སྤྲུལ་རྣམ་པ་གཙོས་རྒྱ་ཆེའི་གྲྭ་བཙུན་སློབ་གཉེར་བ་དང་། རྩོམ་པ་པོ། ཉམས་ཞིབ་པ་བཅས་ཀྱི་སྙན་ལམ་དུ་ཞུ་གསོལ་འདེབས་དོན།
ཉེ་ཆར་ངེད་བརྒྱ་སྟོན་རྩོམ་བསྡུ་ཚན་ཆུང་ནས་༼དཔོན་གསས་བླ་མའི་རླབས་ཆེའི་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མནྡལ་༽ཞེས་པའི་ཁ་བྱང་ཐོག་སྒེར་ངོས་ནས་འབྲེལ་ཡོད་སོ་སོར་བརྒྱ་སྟོན་རྩོམ་བརྡ་དང་ཟིན་ཐོ་གཉིས་ཆར་ཕུལ་བ་ལྟར་དེ་དོན་ཚང་མས་དགའ་གུས་ཡི་རངས་དང་བཅས་བསོད་ནམས་ཀྱི་བགོ་སྐལ་ཞིག་ཏུ་བརྩིས་པར་བཀའ་དྲིན་ཆེ་ཞུ། ད་ལམ་བསྐྱར་དུ་དྲན་གསོ་ཞུ་རྒྱུར། སྐུ་ཉིད་ཀྱིས་རང་འཁྲིའི་ཟིན་ཐོའི་སྡེ་ཚན་ནས་ཉམས་ཞིབ་གནང་བའི་རྩོམ་ཡིག་བྲིས་ཟིན་པ་རྣམས་ངེད་ཚོར་གང་མགྱོགས་བསྐུར་གནང་རོགས་ཞེས་ཞུ་རྒྱུ་དང་། གལ་སྲིད་ཉམས་ཞིབ་རྩོམ་ཡིག་གི་ཆ་ཤས་གང་ཞིག་མ་ཚར་བ་ཡིན་ན་ལྷོད་ཡངས་སུ་མི་གནང་བར་མུ་འབྲེལ་འབད་བརྩོན་དང་མཇུག་སྐྱོང་ཡོང་བའི་ཐུགས་སྐུལ་ཞུ་བཞིན་ཡོད་པས་དེ་དོན་དགོངས་བཞེས་གནང་བར་མཁྱེན་མཁྱེན་ཞུ།
བརྒྱ་སྟོན་རྩོམ་བསྡུ་ཚན་ཆུང་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༡༣ ཉིན།
དགེ་བཤེས་བསྟན་འཛིན་སྦྱིན་པ། གློག་འཕྲིན་ཁ་བྱང་། samgyal@gmail.com
དགེ་བཤེས་ཁྱུང་ཁྲི་ལྡེ། གློག་འཕྲིན་ཁ་བྱང་། Chong.tridhe@gmail.com
དགེ་བཤེས་ཚུལ་ཁྲིམས་བློ་ལྡན། གློག་འཕྲིན་ཁ་བྱང་། tsultrimloden1@gmail.com