ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རིག་གཞུང་འཚམས་གཟིགས་ཀྱི་གནས་བསྡུས།

ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཁུལ་གྲོང་བརྡལ་གཞུང་གིས་བཀོད་སྒྲིག་ལྟར་རིག་གཞུང་འཚམས་གཟིགས་གོ་སྒྲིག་ཞུས་པ།

ཉམས་ལེན་པ་ཞང་པེ་ཡེར་Jean Pierreབཟའ་མི་གཉིས་ཀྱི་བརྒྱུད་ནས་ཉེ་སྔོན་ཁུལ་གྲོང་བརྡལ་Sumaurགཞུང་གི་དབུ་འཛིན་གཙོ་བོ་དང་། དེ་བཞིན་རིག་གཞུང་སྡེ་ཚན་གྱི་དབུ་འཛིན། དྲུང་ཡིག ས་གནས་བྷུ་ལུད་Blueཀྱི་དཔོན་པོ་བཅས་སྔ་ཕྱི་ཐེངས་གཉིས་ཙམ་ལ་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་ཏེ། འཚམས་གཟིགས་གནང་ཞིང་བོན་གྱི་གནས་ཚུལ་སྐོར་ལ་ཐུགས་སྣང་གནང་བ་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་ཡང་འབྲེལ་ཡོད་ས་གནས་ཀྱི་དཔོན་རིགས་རྣམ་པའི་སར་སྐུ་བཅར་ཞུས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ནས་གླེང་མོལ་ལྷུག་པོར་གནང་། དེ་རྗེས་ས་གནས་གཞུང་གི་ལས་སྣེ་རྣམས་ཀྱིས་གཤམ་འོག་མི་མང་རྣམས་ལ་འབྲེལ་མོལ་དང་བཀོད་སྒྲིག་གནང་ནས་ཏོག་དབྱིབས་ན་ཚའི་བཀའ་རྒྱ་གྲོལ་བ་དང་བསྟུན་གཤེན་བསྟན་དར་རྒྱས་གླིང་དུ་འཚམས་གཟིགས་ཡོང་རྒྱུའི་རེ་འདུན་བཏོན་པ་ལྟར་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་དང་ལས་མི་ཡོངས་ནས་བྱོན་པ་ལེགས་གསོལ་གྱི་གྲ་སྒྲིག་གང་ཟབ་ཞུས། དེ་རིང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༢༠ ཉིན་སྔ་དྲོ་གྲོང་བརྡལ་གཞུང་གི་དབུ་ལས་རྣམ་པ་གཙོས་འཚམས་གཟིགས་ཁག་དང་པོ་བ་རྣམས་ཕེབས་ཤིང་ཕྱི་ནང་འཁོར་ཡུག་ལ་གཟིགས་སྐོར་གྲུབ་རྗེས་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་དང་ལས་སྣེ་ཐུན་མོང་ལྷན་ཉིན་གུང་བཞེས་ལག་མཆོད། དེ་མུས་འཚམས་གཟིགས་གནང་མཁན་རྣམས་སླེབས་རིམ་བཞིན་ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་དགོང་མོའི་ཆུ་ཚོད་ལྔ་པའི་བར་ཚོགས་ཁག་ལྔ་དང་། མི་གྲངས་ཆིག་བརྒྱ་ཉི་ཤུ་ལྷག་ལ་མཁན་རིན་པོ་ཆེ་གཙོས་འབྲེལ་ཡོད་རྣམས་ཀྱིས་དགོན་འདིའི་གནའ་དེང་གི་ལོ་རྒྱུས་དང་། ད་ཡོད་ཀྱི་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན། དཔེ་མཛོད་ཁང་དང་། རིག་གནས་ཀྱི་དངོས་པོ། ཆོས་ལུགས་ཀྱི་བྱེད་སྒོ་སོགས་སྒོ་གང་ཐད་ནས་ངོ་སྤྲོད་གླེང་མོལ་ཟབ་རྒྱས་གནང་བ་མ་ཟད་བླ་གྲྭ་རྣམས་ཀྱིས་རིག་གཞུང་བྱེད་སྒོ་སྤེལ། དེ་རྗེས་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་ཞུས་ཤིང་འཚམས་གཟིགས་པ་རྣམས་ཀྱིས་ཐུགས་སྣང་ཆེན་པོའི་སྒོ་ནས་བོད་ཀྱི་ཆོས་ལུགས་རིག་གནས་གང་ཐད་ནས་རྒྱུས་ལོན་གནང་བ་དང་། དགའ་གུས་ཡི་རངས་དང་བཅས་ཏེ་ལེགས་གསོལ་གྱི་ཁ་གཡང་བསྒྲོན། སྐབས་ཐོག་འདིར་འཚམས་གཟིགས་གནང་མཁན་མི་གྲངས་བརྒྱ་དང་ཉི་ཤུ་ལྷག་ཙམ་ལས་ཐུགས་འདུན་ཅན་མང་པོ་ཞིག་ཐེངས་རྗེས་མ་རུ་ཕྱི་བསྣུར་བྱས་འདུག  དེས་ན་ཉིན་གཅིག་གི་དུས་ཚོད་ནང་འཚམས་གཟིགས་པ་ཚང་མའི་ཐུགས་འདུན་སྐོང་མི་ཐུབ་སྟབས་སླར་ལོ་བསྟར་ཐེངས་གཉིས་ཙམ་ལ་གནའ་བོའི་བོད་ཀྱི་རིག་གཞུང་འཚམས་གཟིགས་འདི་ཉིད་མུ་འབྲེལ་ཡོང་རེའི་ཐུགས་སྐུལ་གནང་བ་བཅས་ཀྱི་གནས་ཚུལ་དུ། 

ཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༢༠ ཉིན་མེ་ལོང་ཞེས་སུ་འབོད་པ་དེས་སོ། །

(སྤྱིའི་གཟིགས་གྲངས། 974 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  གཡུང་དྲུ…
error: རྩོམ་འདི་བདག་དབང་ཅན་ཡིན།