ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ཡིག་ཚང་ནས་ཐུགས་གསོའི་གསུང་འཕྲིན།

༄༅།།དཔལ་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བླ་བྲང་སྟོན་འཁོར་དང་། འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་ཞལ་སློབ་ལྟོས་བཅས་ཡོངས་ཀྱི་དྲུང་དུ།

གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་བདེ་བར་གཤེགས་པ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་བལ་ཡུལ་དབེན་གནས་བྱེ་མ་རི་ཁྲོད་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཤེགས་པ་ཚུལ་བསྟན་པར་བློ་ཕམ་ཅི་ཆེ་བྱུང་། འོན་ཀྱང་༧སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་ལོ་བརྒྱ་ལ་ཕེབས་པའི་བར་སྐུ་ཚེ་ཧྲིལ་བོ་སྤྱིར་བོད་གངས་ཅན་པའི་ཆོས་དང་རིག་གཞུང་། ལྷག་པར་གཡུང་དྲུང་བོན་གྱི་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རླབས་ཆེན་གྱི་མཛད་པ་འཕྲིན་ལས་བསྐྱངས་གནང་བ་དེ་ལ་རྗེས་སུ་ཡི་རངས་དང་། རྗེས་འཇུག་བུ་སློབ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཁྱད་པར་རིན་པོ་ཆེ་མཆོག་གི་ཐུགས་ཟག་མེད་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་མེད་མྱུར་དུ་འབྱོན་པའི་སྨོན་འདུན་དང་བཅས།

རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ཡིག་ཚང་ནས་སྤྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༧ ཉིན།

 

With profound sadness, International Drikung Kaguy Council offer our deepest condolences on the passing of H.E. Rinpoche Yongzin Namdak of tibetan Bon tradition, Rinpoche’s passing leaves a void in Tibetan Community and we are deeply saddened by this loss. We remember his immense contributions to our culture. We offer our prayers for his swift rebirth and the continuation of his enlightened activities. May the blessings of the Triple Gem be with his family and all his devoted followers.    17  june   2025

 

(སྤྱིའི་གཟིགས་གྲངས། 27 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གསང་གསུམ་བ…
error: རྩོམ་འདི་བདག་དབང་ཅན་ཡིན།