ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤེས་རབ་རིག་པའི་མི་བོ་ཆེ།

ཞུ་ཚང་བ། 

སྐྱེས་མཆོག་མཁན་སློབ་ཉི་ཟླ་ཡི། །

བུ་སློབ་སྐར་ཚོགས་བཀྲ་བའི་དབུས། །

ཐུགས་སྲས་ནོར་བུའི་བཅུད་འཆང་བའི། །

མི་མཆོག་བསྟན་པ་གཡུང་དྲུང་མཚན། །

གསང་གསུམ་བོན་གྱི་མཛོད་འཛིན་པའི། །

སྨྲ་དབང་ཆེན་མོའི་རྒྱལ་ཐེབ་ཏུ། །

སེམས་པའི་གར་དུ་བཞེངས་པ་ཡི། །

གཤེན་བསྟན་ཁྲི་གདུག་ཉི་མའི་འོད། །

མཁའ་རུ་མངོན་པར་རབ་འདེགས་པའི། །

འཁོར་ལོ་གསུམ་གྱི་མཛད་པ་ཆེ། །

ས་སྟེང་གྲགས་པས་འབར་བཞིན་པ། །

ཉིད་ཀྱི་མཛད་པའི་ཆ་ཙམ་ལགས། །

དེ་དང་དེ་འདྲའི་ཚུལ་སོགས་ཀྱི། །

བསམ་གྱི་མི་ཁྱབ་མཛད་པ་ཡིས། །

ས་འོག་ས་སྟེང་ས་བླ་ཡི། །

སྣང་ཁམས་དབང་པོའི་སྒོ་མོ་ཀུན། །

རབ་ཏུ་བགྲུང་བར་བྱས་གྱུར་ཀྱང་། །

ཉིད་ཀྱི་ཡོན་ཏན་ཆ་ཙམ་རེར། །

བདག་སོགས་བྱིས་པའི་སྐྱེ་བོ་ཡིས། །

མཐོང་བར་དཀའ་ཡང་དད་མོས་ཀྱིས། །

ཕྱོགས་ཙམ་མཇལ་བའི་སྐལ་བཟང་ལ། །

སྣང་བ་དགའ་འོ་བདག་གི་སེམས། །

དད་པས་འབོད་དོ་སྐྱེས་མཆོག་ཉིད། །

མོས་པས་འདུད་དོ་རབ་ཏུ་འདུད། །

འཆད་ཉན་འབྲུག་སྒྲ་ལྡིར་ས་སྟེ། །

ཁྲི་བརྟན་ནོར་བུའི་རྩེ་མོ་ཡི། །

བཤད་སྒྲུབ་ཁྲི་འཕང་བརྩེགས་པའི་སྟེང་། །

རྣོ་དབལ་རིག་པའི་ཐལ་ངག་གིས། །

སྐལ་ལྡན་བློ་མུན་སེལ་བཞིན་དུ། །

ཞི་ཞིང་དུལ་བའི་ངང་གཤིས་ཀྱིས། །

གསང་ཆེན་བླ་མེད་ཐེག་པ་ཡི། །

གནད་ཀུན་ཞིབ་པར་དཀྲོལ་མཛད་པའི། །

ཤེས་རབ་རིག་པའི་མི་བོ་ཆེའི། །

སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ། །

དངོས་སུམ་མཇལ་བའི་སྐལ་བཟང་ཉིན། །

སྤུ་རྒྱལ་རིག་པའི་གླིང་ནས་བཏེགས། ། 

༢༠༡༩/༢༡༦གི་དགོང་མོར།

93802cookie-checkཤེས་རབ་རིག་པའི་མི་བོ་ཆེ།
(སྤྱིའི་གཟིགས་གྲངས། 269 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།