ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་མཁན་རིན་པོ་ཆེས་ཡོ་རོབ་ཁུལ་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།

སྐྱབས་གནས་གཡུང་དྲུང་སེམས་དཔའི་ཐུགས་རྗེའི་དྲ་གུར་དུ་ཚུད་པའི་ནུབ་གླིང་ཡུ་རོབ་ཁུལ་གྱི་དད་ལྡན་སློབ་མ་རྣམས་ལ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བོན་མདོ་སྔགས་སེམས་གསུམ་གྱི་གདམས་པའི་ཆ་ཤས་རེ་ནས་སྒོ་གསུམ་ལམ་དུ་སློང་བའི་བྱིན་རླབས་ཀྱི་ཕ་འབབ་སྩོལ་བཞིན་པ་ལས་ཕྱི་ལོ་ ༢༠༡༩ ལོར་བོན་ཚོགས་ཁག་ཏུ་སློབ་ཁྲིད་དབུ་བཙུགས་པའི་སྐོར་གྱི་གནས་བསྡུས། 

༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་གཙོ་འགན་བཞེས་པའི་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཀྱི་མཛད་སྒོ་གཙོས་མཛད་རིམ་ཁག་དང་། དམིགས་བསལ་འདི་ལོའི་བཀའ་དབང་གི་སྔོན་དངོས་རྗེས་གསུམ་གྱི་ཆེ་བའི་མཛད་འཕྲིན་ཁག་དང་། ཤེས་རིག་ཕུན་ཚོགས་གླིང་གི་སློབ་གླིང་དུ་༧ཡོངས་འཛིན་མཁན་སློབ་རྣམ་པ་སྤྱན་དྲངས་ནས་རབ་གནས་དང་། བཀའ་དབང་སོགས་ལོ་གསར་རྙིང་གི་མཐུད་མཚམས་སུ་བསྒྲུབས་པའི་གལ་ཆེའི་བསྟན་དོན་མཛད་འཕྲིན་རྣམས་འཐུས་ཚང་ལེགས་སྒྲུབ་ཞུས་རྗེས། ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༢༢ ཉིན་འཇའ་མེན་དུ་ཕེབས་ནས་འཇའ་མེན་གྱི་སློབ་མ་གྷེ་ཊི་མ་ནིས་ཤིས་རེ་སྐུལ་མི་ལྡོག་ཕྱིར་ཉིན་འགྱངས་གསུམ་རིང་རྫོགས་པ་ཆེན་པོ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ཁྲིད་ལུང་སྦྲགས་མ་བཀའ་དྲིན་བསྩལ། 

ཕྱི་ཟླ་ ༠༣ ཚེས་ ༢༨ ཉིན་ཕིན་ལན་དྲུ་བོན་ཚོགས་བདེ་ཆེན་རི་ཁྲོད་དུ་ཕེབས་ནས་ཉིན་འགྱངས་གསུམ་རིང་སློབ་མ་རྣམས་ལ་ཀུན་བཟང་སྙིང་ཐིག་གི་ཁྲིད་རིམ་ནས་སྔར་འཕྲོས་མུ་མཐུད་དེ། གནས་ལུགས་ངོ་སྤྲོད་ཀྱི་གདམས་པའི་ཞལ་ཁྲིད་བཀའ་དྲིན་ཆེ་བ་བསྩལ་བ་མ་ཟད། དྲི་བ་དྲིས་ལན་དང་། ཉམས་ལེན་ཐུན་སྦྱོང་སྦྲགས་མའི་སྒོ་ནས་སློབ་མ་རྣམས་སེམས་ཀྱི་ཞི་བདེའི་དབུགས་དབྱུང་བར་མཛད།

ཕྱི་ཟླ་ ༠༤ ཚེས་ ༠༤ ཉིན་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་། དགེ་བཤེས་བསམ་གཏན་གཙུག་ཕུད་རྣམ་གཉིས་འཇའ་མེན་དུ་ཕེབས་ནས་འཇའ་མེན་གཡུང་དྲུང་བོན་ཚོགས་ཀྱི་གོ་སྒྲིག་ལྟར་བྲུ་རྒྱལ་བའི་ཕྱག་ཁྲིད་བཅའ་གཞི་རུ་མཛད་པའི་སྒོམ་སྡེར་ལོ་ལྟར་ལོ་རེའི་དུས་ཚིགས་གསུམ་གྱི་ནང་ཉིན་འགྱངས་བཞི་རེར་ཁྲིད་དང་། ལུས་ངག་ཡིད་གསུམ་གྱི་སྦྱོང་པ་ལ་བསླབ་སྟེ། སེམས་རྒྱུད་བོན་དང་འདྲེས་པར་གདམས་དོན་ལ་བརྩོན་བཞིན་ཡོད་པ་ལྟར། འདི་ལོར་དཔྱིད་དུས་ཀྱི་ཁྲིད་ཀ་གོང་ཟླའི་ཚེས་ ༠༥ ཉིན་དབུ་བཙུགས་ཏེ། སྒོམ་སྡེ་འཛིན་རིམ་དང་པོ་མི་གྲངས་ལྔ་བཅུ་དང་། སྒོམ་སྡེ་འཛིན་རིམ་གཉིས་པ་མི་གྲངས་སུམ་བཅུ་ལ་ཉིན་རེའི་བཅའ་གཞིའི་རེའུ་མིག་ལྟར་ཞོགས་ཀ་ནས་དགོང་མོའི་བར་འཁོར་དུས་དྲུག་ལྷག་གི་རིང་དཔེ་ཁྲིད་དང་། ཐུན་སྦྱོང་། བསགས་སྦྱོང་། བསང་དང་། བསུར། གཅོད་བཅས་ཆགས་མེད་མཛད་དེ་སྔར་སྲོལ་གཡས་རུ་བྲུ་སྟོན་ཡབ་སྲས་ཀྱི་རིང་ལུགས་ཉམས་མེད་རྒྱུན་སྐྱོང་གནང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༡༢ ཉིན།

96322cookie-checkསྐྱབས་རྗེ་མཁན་རིན་པོ་ཆེས་ཡོ་རོབ་ཁུལ་དུ་བསྟན་དོན་མཛད་འཕྲིན་བསྐྱངས་པའི་གནས་བསྡུས།
(སྤྱིའི་གཟིགས་གྲངས། 699 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆར་ཅན་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།