ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་གལ་ཆེའི་མཛད་སྒོ་སྐོར།

ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་གལ་ཆེའི་མཛད་སྒོ་དང་འབྲེལ་། ཕྱི་ལོ་ ༢༠༡༩ ༣ ༣༠ ནས་ ༤ པའི་ཚེས་ ༡ བར་ཉིན་གསུམ་གྱི་རིང་ལ། གདན་ས་ཁྲི་བརྟན་ནོར་བུ་རྩེར་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། <<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>གི་དབུ་འཛིན་ཨ་དཀར་པ་འཆི་མེད་བློ་བཟང་རིན་པོ་ཆེ་རྣམ་གཉིས་ནས། རྒྱ་ནག་གི་རྒྱལ་ས་པེ་ཅིང་། རྒྱ་ནག་གི་ལྷོ་ཕྱོགས་ཧྥུས་ཀྲུས། རྒྱ་ནག་ལྷོ་ཕྱོགས་ཧྲན་ཡཱ། ཧོང་ཀོང་། ཨོ་མིན་བཅས་ལ་གནས་གཞི་བཅས་པའི་བོན་ཚོགས་རྣམས་སུ་ཕྱག་ལས་གནང་མཁན་གྱི་སློབ་མ་གཙོ་གྲས་འགའ་ལ་རྫོགས་ཆེན་གྱི་སྔོན་འགྲོ་དང་དངོས་གཞིའི་བོན་ཁྲིད་གནང་བ་དང་། ༢༠༡༩ ༤ ༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག ༧གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གི་ཡང་ཐོག་གསས་མཁར་མཆོག་ལྔའི་ལྷ་ཁང་དུ་མཁན་སློབ་དགེ་བཤེས་རྣམ་པ། གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་རྣམ་པ། རྒྱ་རིགས་སློབ་མ་བཅས་འཛོམས་རྗེས་ ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བླ་བྲང་ནས་གདན་དྲངས་ཏེ་བཞུགས་སུ་གསོལ་རྗེས། རྒྱལ་བ་སྨན་རི་བའི་གསོ་སྦྱོང་གི་ཆོ་གའི་གཞུང་བསྲངས་ཏེ་རྒྱ་རིགས་སློབ་མ་རྣམས་ལ་སྐྱབས་སྡོམ་འབོགས་པ་དང་འབྲེལ་བོན་གྱི་འཇུག་སྒོ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་བོན་ཁྲིད་ཟབ་རྒྱས་གནང་།  སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་དམིགས་བསལ་དུ་རྫོགས་ཆེན་དངོས་གཞིའི་གདམས་པ་དང་ཉམས་ལེན་སྦྲགས་ཏེ་རྒྱ་རིགས་སློབ་མ་རྣམས་ལ་དངོས་གཞི་ངོ་སྤྲོད་ཟབ་རྒྱས་གནང་།  སྔ་དྲོ་ཕྱག་ཚོད་ ༡༡ ཐོག་<<ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་>>ནས།  ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་བཞུགས་ཆེད་དུ་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞུས། མཛད་སྒོ་དེ་དག་ལེགས་པར་གྲུབ་མཚམས་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་ཨ་དཀར་འཆི་མེད་བློ་བཟང་རིན་པོ་ཆེ་བཞུགས་ཁྲིར་བཀོད་དེ།  གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་གོས་དྲུག་བྱིན་རྟེན་བཅས་གནང་བ་སོགས་ཀྱི་གནས་ཚུལ་མདོར་བསྡུས་སུ་

རིག་པའི་མེ་ལྕེ་ནས་ ༢༠༡༩ ༤ ༡ ཉིན་བྲིས།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 2,063 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
His Eminen…
error: རྩོམ་འདི་བདག་དབང་ཅན་ཡིན།