༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་གྱི་དགོངས་རྫོགས་མཆོད་འབུལ།
༄༅། །བོད་ཀྱི་ཆོས་རིག་སྤྱི་དང་དགོས་སུ་ཞྭ་དཀར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་དང་མཛད་པ་མཐར་ཕྱིན་ཏེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་དགོངས་རྫོགས་མཆོད་འབུལ་དུ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༧ ཉིན་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་སྣང་གསལ་མར་མེ་ཁྲི་མཆོད་སོགས་ཉེར་སྤྱོད་རྣམ་ལྔའི་མཆོད་སྤྲིན་གྱི་འདུ་བ་དང་བཅས་གདན་སའི་བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་མང་ཡོངས་ནས་དམ་པ་གང་གི་ས་ལམ་ཡོན་ཏན་མཐར་ཕྱིན་ཏེ་ཟག་མེད་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་རྫོགས་ཕྱིར་སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པ་སོགས་སྨོན་ལམ་རྣམ་ལྔ་གསུང་འཚོགས་བགྱི་བའི་སྒོ་ནས་བདེན་ཚིགས་གསོལ་འདེབས་དང་མཆོད་འབུལ་སྨོན་ལམ་ཞུས་པའོ། །
Memorial Offerings in Observance of the Passing of Kyabje Menri Yongdzin Rinpoche
On June 27, 2025, memorial offerings and prayers were performed in observance of the passing of Kyabje Menri Yongdzin Lopon Tenzin Namdak Rinpoche, a great luminary of Tibetan religion and culture—especially of the threefold teachings of sutra, tantra, and mind (Dzogchen) in the White Hat Yungdrung Bön tradition.
At Palpung Sherabling Monastic Seat’s Lunrig Jampal Ling Monastic College, the five types of offerings including ten thousand butter lamps were arranged as vast offering clouds. The tulkus, lamas, khenpos, and the entire monastic community then gathered to recite the five aspiration prayers, including “The King of Aspirations: The Noble Aspiration for Excellent Conduct,” to offer prayers invoking the power of truth, and to dedicate the accumulated merit for the complete fulfillment of this great master’s undefiled wishes and for his perfecting the qualities of the paths and bhumis.
གསལ་བྱེད་མཆན། གོང་གསལ་འབྲེལ་ཡོད་གནས་ཚུལ་མེ་ལོང་ཡེ་ཤེས་དྲ་བར་བརྒྱུད་འདྲེན་ཞུས། ༧སྐྱབས་རྗེ་འཇམ་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་གཙོས་གདན་ས་དཔལ་སྤུངས་ཤེས་རབ་གླིང་འདུས་སྤྱི་ནས་གདུང་འདེབས་མཆོད་འབུལ་བཀའ་དྲིན་བསྐྱངས་པར་རྗེས་སུ་ཡི་རངས་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཞུ། མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས།