ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྲི་བརྟན་ནོར་རྩེ་དང་འབྲེལ་ཡོད་བོན་དགོན་ཁག་གི་མཁན་པོ་གསར་བསྐོས་ཀྱི་མཛད་སྒོའི་གནས་ཕྲིན།

འབྱུང་ལྡན། ༣༠༡། གཤེན་རབ་སྐུ་འཁྲུངས་ནས་མི་ལོ་༡༨༠༣༤འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ། ཨོ་སུ་ཁྲུ་རིས་ཡ། རྒྱ་གར་འབྲས་ལྗོངས། ཨུ་རུ་སུ་བཅས་ལ་ཡོད་པའི་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དང་འབྲེལ་ཡོད་བོན་དགོན་ཁག་གི་མཁན་པོ་བསྐོས་བཞག་གནང་བའི་མཛད་སྒོའི་སྐོར།IMG_9975 2མཁན་པོ

 

ཨོ་རུ་ཁྲུ་རིས་ཡའི་བོན་ཚོགས་ཡེ་ཤེས་གསལ་གླིང་གི་མཁན་པོ་སངས་རྒྱས་སྨོན་ལམ་མཆོག

༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དང་པོའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་སངས་རྒྱས་སྨོན་ལམ་མཆོག་ནི།  ༡༩༥༥ ལོར་ཁྱུང་པོ་སྟེང་ཆེན་ཞེ་གཞུང་གི་ལུང་པར་སྐུ་འཁྲུངས། སྐུ་ཚེའི་ནར་རིམ་དང་བསྟུན་ཐོག་མར་ཨ་ཁུའི་དྲུང་ནས་ཤེས་རིག་ཀུན་གྱི་གཞི་མ་ཡི་གེའི་དབྱངས་གསལ་འདོན་ཀློག་བསླབས་པ་དང་། དེ་མུས་ལོ་ངོ་བཞི་ཙམ་རིང་ཤང་ཁག་གི་སློབ་གྲྭར་འགྲིམས་རྒྱུའི་གོ་སྐབས་ཐོབ། སྐུ་ན་ཕྲ་བའི་སྐབས་གྲུབ་ཆེན་བཟོད་པ་རིན་པོ་ཆེ་ཞལ་མཇལ་གསུང་ཐོས་ཀྱི་བྱིན་རླབས་ཐོབ་མྱོང་ཡང་དུས་ཀྱི་ཡོ་ལངས་རྒོད་པའི་སྐབས་སུ་ཁེལ་བས་དེ་ཙམ་དུ་ལུས།

མཁན་པོ༣དེ་རྗེས་བོན་དད་བྱེད་ཆོག་པའི་དུས་སྐབས་ནས་བཟུང་གྲུབ་དབང་ཉི་མ་ཚུལ་ཁྲིམས་དང་། ཤིང་རོང་མཚམས་པ་གཡུང་དྲུང་ཕུན་ཚོགས་གཉིས་ཀྱི་མདུན་ནས་བོན་གྱི་མཇུག་སྒོ་སྐྱབས་འགྲོ་སེམས་སྐྱེད་དང་། བློ་ལྡོག་པའི་བོན་སོགས་ལ་ཁྲིད་ལུང་ཞུས། ཕ་ཡུལ་ནས་སྟོད་གནས་སྐོར་དུ་ཕེབས་ཤིང་རིམ་པས་བལ་ཡུལ་བརྒྱུད་དེ་བོན་གཞིས་ཐོབ་རྒྱལ་གསར་པའི་དཔལ་གཤེན་བསྟན་སྨན་རི་གླིང་དུ་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཐོབ། ༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་ཞིང་སྒྲུབ་གྲྭ་རུ་ལོ་ངོ་གསུམ་ལ་བཞུགས། དེའི་རིང་སྒྲུབ་མཁན་བརྩོན་འགྲུས་རྒྱལ་མཚན་དང་། སློབ་དཔོན་བསྟན་འཛིན་རྣམ་དག སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ། ལུང་དཀར་དགེ་སློང་། ཌོར་ཐང་བླ་མ་བསོད་ནམས་རྒྱལ་མཚན། ཀླུ་བྲག་པ་ཞུ་བླ་གཡུང་དྲུང་རྒྱལ་མཚན། དགེ་བཤེས་ཉི་མ་འོད་ཟེར་༼ཆེ་བ་༽སོགས་བླ་མ་དང་། བཤེས་གཉེན་དུ་མའི་དྲུང་ནས་སྔ་རྗེས་སུ་མང་ཉུང་ལ་མ་ལྟོས་པར་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ཁྲིད་ལུང་དབང་གསུམ་ཞུས་པ་དང་། སྒྲུབ་གྲྭའི་དུས་ཚོད་རེའུ་མིག་ལྟར་སྒོམ་ཉམས་ལེན་དང་། ལོ་དུས་ཀྱི་བསྙེན་སྒྲུབ་རྣམས་བསྟར་ཆགས་སུ་གནང་།

དེ་རྗེས་༸མཁན་སློབ་རྣམ་པའི་བཀའ་དགོངས་གཞིར་བཟུང་སྟེ་བལ་ཡུལ་གྱི་མངའ་ཁོངས་ཌོར་ཐང་ནོར་འཛིན་གླིང་དུ་སྨན་དགེ་ཚུལ་ཁྲིམས་སངས་རྒྱས་ཀྱི་ཕྱག་རོགས་སུ་ཕེབས་ནས་ལོ་ངོ་གཉིས་ཙམ་གྱི་རིང་དགོན་པའི་ལྷ་མཆོད་གནང་བ་མ་ཟད་ཌོར་ཐང་བླ་མ་བསོད་ནམས་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས་ཆོ་ག་ཕྱག་ལེན་སྦྱངས་པ་དང་། གྲོང་པའི་ཤི་དགེ་གསོན་རིམ་སོགས་མཆོད་འབྲེལ་དགེ་ཚོགས་ཀྱི་བྱ་བ་མི་དམན་པ་བསྒྲུབས།

དེ་རྗེས་བལ་ཡུལ་འཕགས་ཤིང་གི་ཉེ་འཁྲིས་སུ་ཆགས་པའི་བོན་གྱི་འདུས་སྡེ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཕེབས་པ་དང་འབྲེལ་ལོ་ངོ་བདུན་ཙམ་གྱི་རིང་གྲྭ་ཚང་གི་གཉེར་པའི་ཕྱག་ལས་གནང་བ་མ་ཟད་༸ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་ནས་བོན་ཕྱི་ནང་གསང་གསུམ་གྱི་ཆོ་གའི་འཕྲིན་ལས་དང་། གྱེར་དབྱངས་རྡུང་གསུམ་སྐོར་ལ་བསླབ་སྦྱོང་གནང་ཞིང་དེར་བསྟུན་ཁྲིད་ལུང་དབང་གསུམ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་། ༡༩༩༤ ལོ་ནས་བཟུང་༸ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭ་རུ་ལོ་ངོ་བཞི་ཙམ་བཞུགས་ཤིང་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་རྫོགས་པ་ཆེན་པོའི་བོན་སྡེ་སྐོར་བཞིའི་སྔོན་འགྲོ་དངོས་གཞི་དང་། འཕོ་བ་རྩ་རླུང་། མུན་མཚམས་སོགས་ཀྱི་ཁྲིད་ལུང་ལ་གསན་བསམ་གནང་ཞིང་རྣལ་འབྱོར་ཉམས་ལེན་ལ་བརྩོན་པ་གནང་མཐར་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་ཞེས་པའི་མཚན་གྱི་བྱང་བུ་ཡང་བཞེས།

ཡེ་ཤེས་རབ་གསལ་གླིང་།༢༠༠༡ ལོར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་ཧྥ་རན་སིར་ཕེབས་ཏེ་དད་སྦྱིན་ལོར་གྷེ་ནེ་སིའི་ས་གནས་སུ་མཆེད་གྲོགས་འགའ་དང་ལྷན་དུ་རྩ་རླུང་ཞག་བརྒྱ་བཞུགས་པས་ནུབ་ཕྱོགས་པའི་ཚན་རིག་དང་འབྲེལ་བའི་ཐབས་ལམ་བརྒྱུད་དཔྱད་འབྲས་ཕུན་སུམ་ཚོགས་པ་ཐོབ། ༢༠༠༧ ལོར་༸སྐྱབས་རྗེ་བླ་མ་རྣམས་ཀྱི་བཀའ་ལུང་བཞིན་སླར་ཡང་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་ནས་ ༢༠༡༥ བར་གཤེན་བསྟན་དར་རྒྱས་གླིང་དུ་ལྟ་སྒོམ་ཉམས་ལེན་གནང་བ་དང་། འབྲེལ་ཡོད་སློབ་མ་རྣམས་ལ་བོན་ཁྲིད་དང་ལྗགས་ལུང་སོགས་གང་ལ་གང་འདུལ་གྱི་བོན་སྟོན་བཞིན་བཞུགས། ༢༠༡༤ ལོར་དད་ལྡན་གཡུང་དྲུང་དབང་མོས་རེ་གསོལ་བཞིན་༸སྐྱབས་རྗེ་མཁན་སློབ་རྣམས་ལ་དགོངས་སྐོར་ལམ་སྟོན་ཞུས་ནས་ས་གནས་ཨོ་རུ་ཁྲུ་རིས་ཡ་Austriaལ་བོན་ཚོགས་ཡེ་ཤེས་གསལ་གླིང་ཞེས་པ་དབུ་འཛུགས་གནང་། དེ་མུས་༢༠༡༥ ལོར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་སྐུ་དངོས་སུ་ཆེད་ཕེབས་གནང་ནས་བོན་ཚོགས་ཡེ་ཤེས་གསལ་གླིང་ཞེས་པ་དངོས་སུ་སྒོ་འབྱེད་མཛད་སྒོ་དང་རབ་གནས་བྱིན་རླབས་བསྩལ་བའི་སྐལ་བཟང་དགེ་བའི་ཉི་མ་ཤར། དེ་ནས་ ༢༠༡༧ ད་བར་བོན་ཚོགས་ཡེ་ཤེས་གསལ་གླིང་གི་དབུ་འགན་བཞེས་ནས་ལོ་བསྟར་སློབ་མ་རྣམས་ཀྱི་འདོད་དོན་བཞིན་དཔེ་ཁྲིད་དང་། ཉམས་ལེན་གྱི་སྦྲག་མའི་ངང་ནས་སྐུ་ཚེའི་མཛད་འཕྲིན་སྐྱོང་བཞིན་ཡོད།

ད་ལམ་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྐུ་སྐྱེ་བ་མི་རུ་བཞེས་ནས་བགྲང་བྱ་ ༡༨༠༣༤ འཁོར་བའི་དུས་ཁྱད་པར་ཅན་དང་བསྟུན་སློབ་མ་རྣམས་ཀྱི་རེ་འདུན་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱིས་བཀའ་གྲོས་མོས་མཐུན་བཞིན། གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཧོར་རྒན་དྲང་སྲོང་སངས་རྒྱས་སྨོན་ལམ་མཆོག་བོན་ཚོགས་ཡེ་ཤེས་གསལ་གླིང་གི་མཁན་པོ་རུ་ཁྲི་བཞེངས་གནང་ཡོད་པས་དགེ་འདུན་པའི་སྡེ་དང་། ལྷ་སྡེ་བོན་འབངས་རྣམས་ཀྱིས་དེ་ལུགས་ངོས་འཛིན་དང་ཆེ་མཐོང་ཡོང་བ་ཞུ་རྒྱུ་བཅས་སྲིད་པའི་མིག་ནས་སྤེལ།

འབྲས་ལྗོངས་བོན་དགོན་སོག་གཡུང་དྲུང་གླིང་གི་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག

4མཁན་པོསོག་གཡུང་དྲུང་གླིང་།༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་ཐེངས་དང་པོའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་ནི། ༡༩༦༩། ལོར་ཧོར་སྦྲ་ཆེན་དྲུག་ཅུའི་ས་གནས་སུ་སྐུ་འཁྲུངས། བྱ་བྲལ་ཉི་མ་ཚུལ་ཁྲིམས་དང་། རྩེ་དྲུག་བླ་མ་རིན་ཆེན་རྒྱལ་མཚན།  གཙུག་ཕུད་འོད་ཟེར། ཧོར་གྱི་རྟོགས་ལྡན་རྣམ་གསུམ་བཅས་མཇལ་ནས་སྔོན་འགྲོ་དང་དངོས་གཞིའི་གདམ་པ་ཞུས་། གངས་རིན་པོ་ཆེ་དང་། ཀོང་པོ་བོན་རི་སོགས་སྒྲུབ་གནས་རྩ་ཆེན་མང་པོར་གནས་སྐོར་རྐྱང་ཕྱག་མཛད། དགུང་ལོ་ཉེར་ལྔའི་ཐོག༡༩༩༣། ༨། ༨། ཉིན་བལ་ཡུལ་དུ་འབྱོར་ནས༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསེར་ཞལ་མཇལ། ལོ་དེར་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། ༡༩༩༤། ༡༢། ༢༢། ཉིན་ཁྲི་བརྟན་ནོར་རྩེར་སྒྲུབ་གྲར་ཞུགས་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་སློབ་བཤེས་གཉེན་རྣམ་པའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱིས་ཐུགས་རྒྱུད་སྨིན་པར་མཛད་དེ་རྫོགས་ཆེན་བླ་མེད་སྡེ་བཞིའི་གཞུང་ལ་ཉམས་ལེན་གནང་། དུས་མཚུངས་སུ་སྒྲུབ་གྲྭའི་དགེ་སྐོས་ཀྱི་འགན་ཡང་བཞེས་མྱོང་ཡོད། ༡༩༩༩། ས་ཡོས་ལོ་མཉམ་མེད་ཆེན་པོའི་དུས་ཆེན་སྐབས་སུ་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པའི་མཚན་རྟགས་བཞེས། ༢༠༠༥ལོར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་མདུན་ནས་ཕྱི་ནང་གསང་བའི་དབང་ཁྲིད་རྫོགས་པར་ཞུས། གཞན་ཡང་ཆོས་ཕྱོགས་ཀྱི་བླ་སྤྲུལ་དུ་མས་ཀརྨ་ཀམ་ཚང་གི་བླ་མ་ཀརྨ་རྒྱལ་མཚན་གྱི་ཡང་སྤྲུལ་ངོས་འཛིན་ཡང་གནང་མྱོང་ཡོད། ༢༠༠༧། ༧། ༧།ཉིན་བླ་མ་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱི་ཐུགས་འདུན་དང་། མཁན་སློབ་རྣམ་པའི་བཀའ་དགོངས་བཞིན་འབྲས་ལྗོངས་གཡུང་དྲུང་ཀུན་གྲགས་གླིང་གི་སྒྲུབ་གྲྭའི་མཁན་པོར་བསྐོས། ཁོང་གིས་དགོན་དེའི་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པ་བཞེངས་བཀོད་མཛད་པ་དང་། ༢༠༡༣། ༤། ༢༥། ཉིན་འབྲས་ལྗོངས་ལྷོ་ཕྱོགས་གཡང་སྒང་ས་ Sikkim Yangang གནས་སུ་སོག་གཡུང་དྲུང་གླིང་བོན་དགོན་ཕྱག་བཏབ་མཛད། ༢༠༡༦།ལོར་ལེགས་གྲུབ་བྱུང་བ་དང་འབྲེལ། ཟླ་བ་༡༢། ༣༠། ཉིན་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། ཁྲི་བརྟན་ནོར་རྩེའི་མཁན་སློབ་རྣམ་པ་གདན་འདྲེན་ཞུས་ཏེ་གཙུག་ལག་ཁང་སྒོ་འབྱེད་མཛད་སྒོ་འཚོགས་ཐུབ་པར་བྱུང་། ས་གནས་དེར་སློབ་ཕྲུག་མང་པོ་གསོ་སྐྱོང་གནང་ནས་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པ་མ་ཟད། ༢༠༡༧། ༢། ༡༠།ཉིན་གཤེན་ཀྱི་འཁྲུངས་མཆོད་ཆེན་མོ་དང་བསྟུན། ལྷ་སྡེ་མི་མང་གི་རེ་འདུན་དང་། མཁན་སློབ་རྣམ་པའི་ཐུགས་དགོངས་བཞིན་༸ད་ལན་དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་འདུས་མང་ལ་བསྙེན་བཀུར་དང་འབྲེལ། གཤེན་གྱི་རྣལ་འབྱོར་བ་སྲང་སྲོང་ཡོན་ཏན་རྒྱ་མཚོ་མཆོག་འབྲས་ལྗོངས་བོན་དགོན་སོག་གཡུང་དྲུང་གླིང་གི་མཁན་པོར་མངའ་གསོལ་མཛད་དེ་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ནས་ལྷ་སྡེ་མི་མང་གིས་མཇལ་ཁ་ཞུས་ཏེ་ཁྲི་འདོན་གྱི་མཛད་སྒོ་ལེགས་པར་གྲུབ།

ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ Rosskiy Moskvu ཡི་ཉེ་འགྲམ་ཀྱི་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་གི་མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་མཆོག

Dzogchen Yontse Ling kenpo Artalama Tsultrim Namgyal Phuntsok Rinpoche

༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་ཨར་ལྟ་བླ་མ་མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ་ཕུན་ཚོགས་ཁོང་ཉིད་སྤྱི་ལོ་༡༩༦༦་ལོར་ཁྲོམ་ཚང་འགའ་གོང་ས་གནས་སུ་འཁྲུངས། དགུང་ལོ་༡༥ཐོག་རྣལ་འབྱོར་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་དངོས་གཞིའི་གདམ་པ་ཞུས།

མཁན་པོ་5༡༩༨༥་དགུང་ལོ་ཉི་ཤུའི་ཐོག་རབ་ཏུ་བྱུང་། ༡༩༨༦་ལོར་གཙང་བཀྲ་ཤིས་སྨན་རི་དགོན་གྱི་བཅའ་སྒྲིག་ལ་ཞུགས། གཡུང་དྲུང་གླིང་གི་སློབ་དཔོན་ཀུན་བཟང་བློ་གྲོས་ཀྱི་མདུན་ནས་བསྡུས་གྲྭ་དང་།་ཤེས་རབ་མཆོག་ལྡན་གྱི་དྲུང་ནས་སྨར་ཡིག་དང་སྤུངས་སོ་དང་ལན་ཝར་གྱི་བཤད་རྒྱུན་ཉན། རག་ཤི་རྟོགས་ལྡན་དང་བེ་རུ་རྟོགས་ལྡན་རྣམ་གཉིས་ཀྱི་དྲུང་ནས་དབང་ལུང་གདམས་ཟབ་དུ་མ་ཐོབ། སློབ་དཔོན་དྲང་སྲོང་གཡུང་དྲུང་རིན་པོ་ཆེའི་མདུན་ནས། ཤར་རྫའི་སྒྲུབ་གྲྭའི་ཟུར་ཁྲིད་ཞུགས་ནས་ཁྲིད་ལུང་དང་འདུལ་བ་རྒྱས་བསྡུས་དང་ཡེ་ཁྲི་བསྒྲགས་པ་སྐོར་གསུམ་སོགས་ཁྲིད་ལུང་དབང་གདམས་མང་པོ་ཐོབ། རྩེ་དྲུག་མཁན་རིན་པོ་གོ་སེ་སྤྲུལ་སྐུའི་མདུན་ནས་གསས་མཁར་མཆོག་ལྔའི་དབང་བཞི་དང་། བོན་གསར་མའི་ཐུན་མོང་མ་ཡིན་པའི་དབང་བཞི་ཕལ་ཆེར་ཐོབ། མཁན་པོ་གཙུག་ཕུད་ཚུལ་ཁྲིམས་ཀྱི་མདུན་ནས་ཞང་ཞུང་སྙན་རྒྱུད་ཀྱི་ལྗགས་ལུང་དང་། ཐུན་མིན་རུ་ཤན་རྩ་རླུང་སོགས་སྦྱངས། མཚམས་པ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་ཐོད་རྒལ་དང་མུན་ཁྲིད་སོགས་གདམས་ངག་ཟབ་མོ་འགའ་ཞིག་ཐོབ། རྣལ་འབྱོར་ནམ་མཁའ་རྒྱལ་མཚན་གྱི་མདུན་ནས་ཁྲིད་ལུང་མང་པོ་ཞུས། ཉམས་རྒྱུད་སོགས་ཁ་ཤས་ཕར་ལའང་ཕུལ། ཁ་བོ་རྟོགས་ལྡན་རིན་པ་ཆེའི་མདུན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་དང་། གཞན་ཡང་སྒྲུབ་སྐོར་མང་དག་གི་ལྗགས་ལུང་ཐོབ། ཡང་ཁོང་གི་ཡབ་ཆེན་ཡེ་ཤེས་བཟོད་པའི་དྲུང་ནས་ཆོ་ག་ཕྱག་ལེན་གང་མང་སྦྱངས་པ་གནང་། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། ཁ་བོ་རྟོགས་ལྡན་རིན་པོ་ཆེ། སྤ་བླ་ཟླ་བ་རྒྱལ་མཚན་རིན་པོ་ཆེ་གསུམ་མཁན་སློབ་དཔང་གསུམ་མཛད་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས། དེ་རྗེས་བླ་མ་ཡོན་ཏན་རྒྱལ་མཚོ་སློབ་འཁོར་དང་། ཉམས་གསལ་རི་ཁྲིད་དུ་དབུ་རི་བླ་མ་སྐུ་མཆེད་སོགས་ལ་རྩ་རླུང་གཏུམ་མོའི་སྐོར་ཕར་ལ་དཔེ་ཁྲིད་བྱས། དེ་ནས་མཚམས་ཁང་ཞིག་བསྐྲུན་ཏེ་ལོ་ཤས་རིང་སྔར་གང་ཞུས་པ་དེ་དག་རང་རྒྱུད་ལ་འབྱོར་བའི་བརྩོན་འགྲུས་ཀྱིས་ཉམས་ལེན་མང་དུ་མཛད།

༡༩༩༩། དགུང་ལོ་སོ་ལྔའི་ཐོག་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་རྩེར་གསར་དུ་འབྱོར་ཏེ། སྒྲུབ་གྲྭའི་སྡེ་ཚན་དུ་ཞུགས་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཟུང་གི་དྲུང་ནས་བླ་མེད་གཞུང་ཆེན་སྡེ་བཞིའི་མ་བུ་ཆ་ལག་སོགས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་དབང་གདམས་ཞུས་ཏེ་༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭ་མཐར་སོན་ནས་ད་ལྟའི་བར་དཔྱད་འཇོག་རེས་མོས་ཀྱིས་ཐུགས་བརྩོན་གནང་བཞིན་མཆིས། སྐབས་དེ་དུས་བཤད་སྒྲུབ་འདུས་སྡེའི་སྒྲུབ་གྲྭའི་དགེ་བསྐོས་དང་གྲྭ་ཚང་གི་དངུལ་གཉེར་གཅིག་ཆོག་བྱས།

རྫོགས་ཆེན་ཡོངས་རྩེ་གླིང་།༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དྲུང་ནས་ཤེས་རབ་ལྷ་མཆོག་ཕྱྭ་སྲས་ཀེང་ཙེའི་བཀའ་དབང་ཞུས། ཞོར་དུ་སུམ་རྟགས་དག་གསུམ་དང་། ནག་རྩིས། སྙན་ངག དཀྱིལ་འཁོར་ཐིག་རྩ་སོགས་ལའང་སྦྱངས་པ་གང་ལེགས་གནང་སྟེ་༢༠༠༥་ལོར་སྒྲུབ་གྲྭར་ཐོན།    ༢༠༠༦། ལོ་ནས་ཨུ་རུ་སུའི་རྒྱལ་ཁབ་ནང་གི་གཡུང་དྲུང་བོན་ལ་དད་མོས་ཅན་འགའ་ཞིག་གིས་གདན་ཞུས་ལྟར་ཨུ་རུ་སའི་ལྷོ་ཤར་ཕྱོགས་སུ་Алтайཨར་ལྟ་ཞེས་པ་རུ་ལོ་ལྟར་དབྱར་ཟླ་གསུམ་རིང་ཉིན་ལྟར་དཔེ་ཁྲིད་གསུམ་དང་ཐུན་གསུམ་སྟེ་རྒྱལ་ཁབ་དེ་གའི་རྒྱལ་ས་མོ་སུ་ཀོ་དང་། Барйкл གཙོས་པའི་ཨུ་རུ་སུའི་ས་གནས་ཁག་དང་ཡོ་རོབ་ཀྱི་ས་ཆ་འགར་ཕེབས་ནས་རྒྱལ་ཁབ་དུ་མའི་སློབ་མ་རྣམས་ལ།   དང་པོ་སྔོན་འགྲོ་ཞི་གནས་རིགས་དྲུག་རང་སྦྱོང་འཁོར་འདས་རུ་ཤན་མུན་མཚམས་གཏུམ་མོ་རྨི་བ་ལམ་ཁྱེར་ནས་རིམ་བཞིན་བླ་མེད་རྫོགས་ཆེན་གྱི་ཉམས་ལེན་སྐྱོང་གནང་མཛད། གཞན་ཡང་ནག་རྩིས་དང་དཀྱིལ་འཁོར་ཐིག་རྩ་བོད་ཀྱི་སྐད་ཡིག་བཅས་ཀྱི་དཔེ་ཁྲིད་གནང་སྟེ། དབྱར་ཟླ་གསུམ་རིང་ཨུ་རུ་སུ་ལ་སློབ་མ་སྐྱོང་། དེ་རྗེས་ཕྱིར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཕེབས་ཏེ་མུ་མཐུད་ནས་ཉམས་ལེན་བྱས།    ཐུན་མཚམས་སུ་བྱ་བྲལ་ཉི་མ་ཚུལ་ཁྲིམས་ཀྱིས་མཛད་པའི་སྙན་རྒྱུད་ཡེ་གྲོལ་གཅོད་ལ་འགྲེལ་བ་མཛད། སྤྱི་ལོ། ༢༠༡༣། ལོ་ནས་བཟུང་སྟེ་ཨུ་རུ་སུའི་ནང་གཏན་འཇགས་བྱས་ཏེ་སྔར་བཞིན་དཔེ་ཁྲིད་མཛད། ཨུ་རུ་སུའི་བྱང་ནུབ། སང་པེའི་ཏྲེར་རྦོར་St. Petersburgཟེར་བའི་ས་གནས་སུ་ཕྱོགས་ཀུན་ནས་ཕེབས་པའི་སློབ་མ་རྣམས་ལ་ལོ་འགར་ལོ་ལྟར་རྫོགས་ཆེན་གཙོས་པའི་གཡུང་དྲུང་བོན་གྱི་རིག་གཞུང་དཔེ་ཁྲིད་བྱས། དེ་བཞིན་ཡོ་རོབ་ཕྱོགས་སུ་Lithuniaལིའི་ཐི་བ་དང་། Latviaལ་ཐི་བ་ཟེར་བའི་ས་གནས་སུ་ལོ་ལྟར་དཔེ་ཁྲིད་བྱེད་པར་ཐེངས་འགའ་བསྐྱོད་ཀྱི་ཡོད། ལྷག་པར་དུ་༢༠༡༣།ལོ་ནས་ཨུ་རུ་སུའི་རྒྱལ་སའི་ཉེ་འདབས་སུ་རྣམ་དཀར་དད་སྦྱིན་ཨ་སངས་ན་དང་Oxana Lukomckayaཨ་ལེགས་དགེ་Oleg Afoninགཉིས་ཀྱིས་མཐུན་རྐྱེན་ལ་བརྟེན་ནས་ས་ཆ་གཞི་རྒྱ་ཆེ་བ་ཞིག་ཉོས་ཏེ་ཉིན་སྟོང་། ༢༠༡༥ ལོར་བོན་དགོན་རྫོགས་ཆེན་ཡོངས་རྩེ་གླིང་ཞེས་པ་གསར་བཞེངས་ཀྱི་མཛད་ཕྲིན་བསྐྱང་ཏེ་ཉིན་སྟོང་༢༠༡༦ ལོར་གཙོ་བོ་ལྷ་ཁང་སོགས་ལེགས་གྲུབ་བྱུང་ཡོད། ༢༠༡༧། ༢། ༡༠། ཉིན་སློབ་ཚོགས་ཀྱི་རེ་འདུན་དང་། ༸སྐྱབས་རྗེ་མཁན་སློབ་རྣམ་པའི་ཐུགས་དགོངས་བཞིན། གཤེན་ཀྱི་འཁྲུངས་མཆོད་ཆེན་མོར་བསྟུན་ནས་ཨུ་རུ་སུའི་བོན་ཚོགས་རྫོགས་ཆེན་ཡོངས་རྩེ་གླིང་གི་མཁན་པོར་བསྐོས་ཏེ་འདུས་མང་ནས་བསྟན་འགྲོའི་དོན་ཆེན་ནུས་པའི་ཐུགས་སྨོན་མཚམས་སྦྱོར་གནང་བ་དང་ལྷ་སྡེ་མི་མང་གིས་མཇལ་ཁ་ཞུས་ཏེ་ཁྲི་འདོན་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས་ཀྱི་མཛད་རྣམ་དང་འབྲེལ་བའི་གནས་ཕྲིན་སྙིང་བསྡུས་སུ་ཏི་སེའི་བུ་ནས།༢༠༡༧། ༢། ༡༠ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 63 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།