ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྲིད་རྒྱལ་འབུམ་ཚོགས་ཆེན་མོ།

༄༅། ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡི་སྐྱབས་འོག་ཏུ་ཚུད་པའི་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱི་སྙན་དབང་དུ་ཞུ་གསོལ།

2.pic
སངས་རྒྱས་ཀྱི་བསྟན་པའི་མངའ་བདག་དམུ་གཤེན་རྒྱལ་བའི་མགོན་པོ་རྫུ་འཕྲུལ་ཞབས་ཀྱི་བཅགས་པའི་གནས་མཆོག་ཁྱད་པར་ཅན་བལ་ཡུལ་འཕགས་པ་ཤིང་ཀུན་ཏུ་གནས་འཁོད་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས། སྐྱེ་རྒུ་ཐམས་ཅད་ཀྱི་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་༸མཁན་སློབ་རྣམ་གཉིས་དང་དམུ་གཤེན་རྒྱལ་བའི་གདུང་འཛིན་༸རྒྱལ་བ་གཤེན་ཚང་ཡབ་སྲས་རྣམ་པ་གཙོས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་བསྟན་འགྲོའི་མགོན་དུ་ཞབས་པད་བརྟན་ཅིང་། འགྲོ་དོན་འཕྲིན་ལས་རྒྱས་ཤིང་དགེ་འདུན་འདུས་སྡེ་འཕེལ་བ། ཡངས་པའི་ཁམས་འདིར་ནད་མུག་འཁྲུག་རྩོད་སོགས་ནང་བཅུད་ཀྱི་རྐྱེན་ཆག་ངན་པ་དང་། ས་འགུལ་ཆུ་ལོག་སོགས་རྐྱེན་ཆག་ངན་པ་རྣམས་མིང་མེད་དུ་ཞི་ཞིང་འཛམ་གླིང་ཞི་བདེའི་དཔལ་ལ་འཁོད་དེ། མཐར་ཐུག་འགྲོ་ཀུན་བླ་མེད་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་རྒྱུ་རུ་དམིགས་ཏེ། འཆར་ཅན་ལོ་བསྟར་འབུམ་ཚོགས་ཆེན་མོ་གཉིས་ཕུལ་དང་འབུལ་བཞིན་ལྟར་བོད་མེ་བྱ་ལོའི་ཧོར་ཟླ ༣། ཚེས ༢༥ ནས ཧོར་ཟླ ༤། ཚེས ༢ དང་སྤྱི་ལོ ༢༠༡༧། ཟླ ༥ ། ཚེས ༢༡ ནས ཚེས ༢༧ བར་ཉིན་གྲངས་བདུན་གྱི་རིང་གཡུང་དྲུང་བོན་གྱི་བསྟན་སྲུང་ཡོངས་ཀྱི་གཙོ་མོ་དུས་གསུམ་རྒྱལ་བའི་ཡུམ་ཆེན་མ་མཆོག་སྲིད་པ་རྒྱལ་མོ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཞལ་དབྱེ་སྟེ་མཆོད་སྤྲིན་འབུམ་ཚོགས་ཆེན་མོ་འབུལ་རྒྱུ་ལགས་ན་དེ་ལུགས་ཐུགས་དགོངས་སུ་མངའ་བར་མཁྱེན་མཁྱེན།།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་སྤྱི་ལོ ༢༠༡༧། ཟླ ༥། ཚེས ༡༥ ཉིན།

(སྤྱིའི་གཟིགས་གྲངས། 43 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །འཛམ་ག…
error: རྩོམ་འདི་བདག་དབང་ཅན་ཡིན།