ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གངས་རིའི་ཚིག་མཛོད།

རྩོམ་པ་པོ། ལྡོང་སྐལ་བཟང་།

རིག་པའི་ཕ་སར་མཚན་འཛིན་པའི། །

ཁྱུང་ཡུལ་གྲུབ་བརྒྱའི་འབྱུང་གནས་སུ། །

སྐུ་མཆོག་གངས་དཀར་ལྷུན་པོ་དེ། །

བསོད་ལྡན་འགྲོ་བའི་དཔལ་དུ་ཤར།།

གྲྭ་སའི་གོང་མའི་དཔལ་ཐོབ་པའི།།

གཙང་སྟོད་བཀྲ་ཤིས་སྨན་རི་རུ།།

ཐུགས་གསང་ཡིད་བཞིན་ནོར་བུ་དེ།།

ཐོས་བསམ་རིག་པའི་ནོར་གྱིས་བཀང་།།

ཀླུ་སྒྲུབ་རི་བོའི་བརྗིད་ཆགས་པའི།།

ཁྲི་བརྟན་ནོར་བུའི་རྩེ་མོ་རུ།།

གསུང་དབྱངས་ཡན་ལག་བརྒྱད་ལྡན་དེ།།

རིས་མེད་བསྟན་འགྲོའི་དཔལ་དུ་བཀྱེས།།

འཛམ་གླིང་གངས་རྒྱལ་ཏི་སེ་ཡི།།

འོད་བརྒྱ་ཐུགས་ལ་བསྟིམ་པ་སྟེ།།

ཞང་བོད་སྲིད་པའི་ཕ་ནོར་འདི།།

འཛམ་གླིང་ཤར་ནུབ་ཁྱོན་ལ་འགྱེད།།

དྭངས་གཙང་གནམ་མཚོ་ཕྱུག་མོ་ཡི།།

ཟབ་ཚད་མགྲིན་ལ་བསྐྱིལ་བ་སྟེ།།

སྒོ་བཞི་མཛོད་ལྔའི་བདུད་རྩི་འདི།།

སྐྱེ་འགྲོ་དགའ་བའི་གསོས་སུ་བསྟར།།

ཁ་འབབ་ཆུ་བོ་རྣམ་བཞི་ཡི།།

བཞུར་རྒྱུན་སྐུ་ལ་བཅིང་པ་སྟེ།།

གངས་ཅན་བོད་ཀྱི་ཚིག་མཛོད་ཀྱི།།

མཚན་སྙན་གོ་ལའི་དབུ་རྩེར་འཕུར།།

༢༠༡༣/༡༠/༩

(སྤྱིའི་གཟིགས་གྲངས། 89 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  བཀའ…
error: རྩོམ་འདི་བདག་དབང་ཅན་ཡིན།