ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ།

ཧོར་ཟླ་ ༡པོའི་ཚེས་ ༨ ཉིན་གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་བའི་དུས་ཚོད་ཡིན་ཞིང་། སྤྱིར་བཏང་ཧོར་ཟླ་ ༡༢ པའི་ཚེས་ ༢ ནས་བཟུང་རོལ་ཆ་དང་། གར་འཆམ་སྦྱོང་བརྡར་ཚགས་ཚུད་གནང་ནས་ཚེས་༢༥ ཉིན་མཁན་སློབ་རྣམས་དང་འདུས་མང་མཉམ་འཛོམ་ཐོག་འཆམ་རྒྱུགས་ལེན་སྲོལ་ཡོད། དགོན་འདིར་འཆམ་བྱ་གཙོ་བོ་ནི། གཟེ་མ་དགུ་འཆམ་དང་། གཤེན་རབ་དགུ་འཆམ། དུས་དྲུག་གི་འཆམ། རྣམ་བརྒྱད་ཀྱི་འཆམ་དང་། མ་རྒྱུད་ཀྱི་ཚོགས་འཆམ། ཕུར་འཆམ། བསྒྲལ་བསྟབས་ཀྱི་འཆམ། ཡེ་ཤེས་དབལ་མོའི་གར་འཆམ་བཅས་འཆམ་ཆེན་དང་སེང་འཆམ། གཡག་འཆམ་སོགས་རྩེད་འཆམ་རིགས་ཀྱང་འཆམ་སྲོལ་ཡོད། འཆམ་མཁན་གྱིས་ཀྱང་ཡི་དམ་ལྷ་དང་སྲུང་མའི་ང་རྒྱལ་བཟུང་ནས་སྐུ་མདོག་ཕྱག་མཚན་རྣམ་འགྱུར་དང་བཅས་པའི་ལྷ་ཞལ་དངོས་སུ་མཇལ་བ་ལྟ་བུའི་ངང་ཚུལ་སྟོན་སྐབས་སུ། མཇལ་ཞུ་བ་རྣམས་ཀྱིས་ཀྱང་གླུ་གར་གྱི་ལྟད་མོ་ལྟ་བུར་མི་སྙམ་པར་དེ་ལུགས་ཀྱི་འདུ་ཤེས་བཟུང་བའི་སྒོ་ནས་དད་མོས་བསྐྱེད་དེ་འདོད་གསོལ་ཕྲིན་བཅོལ་ཞུས་ན། ལོ་ཟླའི་འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་ཅིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་དགོས་ཆེད་ཟབ་མོ་ཡོད་པས་དགོན་པའི་ལོ་དུས་ཀྱི་མཛད་སྒོ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད།

 

 

 

 

འདི་ལོ་ཡང་ཧོར་ཟླ་ ༡ ཚེས་༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩ པར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གཙོས་གདན་སའི་མཁན་སློབ་རྣམས་དང་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ལྷན་འཛོམ་ཐོག ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག རྣམ་བརྒྱད། གཤེན་རབ་དགུ་འཆམ། སེང་འཆམ། ཤ་འཆམ། མ་རྒྱུད། གཟེ་མ་དགུ་འཆམ། གཡག་འཆམ་བཅས་དད་ལྡན་ལྷ་སྡེ་མི་མང་རྣམས་ལ་གཟིགས་འབུལ་ཞུས་ནས་ཕྱི་དྲོའི་ཕྱག་ཚོད་ ༠༢་དང་ཕྱེད་ཀའི་ཐོག་མཇུག་གྲུབ་པའི་གནས་བསྡུས་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༣ ༢ ༢༧ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 276 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་ཆུ་ཡོས…
error: རྩོམ་འདི་བདག་དབང་ཅན་ཡིན།