ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གནམ་ལོ་གསར་དུ་ཚེས་པར་བཀྲ་ཤིས་བདེ་ལེགས་ཞུ།

༄༅། །རྣམ་འདྲེན་རྫོགས་པའི་སངས་རྒྱས་སྟོན་མཆོག་གཤེན་རབ་མི་བོ་ཆེའི་སྐུ་ཡི་མཚན་དཔེ་འཛམ་གླིང་དུ་བཞད་ནས་བགྲང་བྱ་ ༡༨༠༣༣ འཁོར་བའི་མེ་སྤྲེལ་གནམ་གྱི་ལོ་སར་ལ་༧སྐྱབས་གནས་བླ་སྤྲུལ་གྱི་ཚོགས་དང་། ཕ་མ་སྤུན་མཆེད་གཙོས་རིགས་མཐུན་གྲོགས་པོ་ལྷན་རྒྱས་ལ་རྟེན་འབྱུང་བཀྲ་ཤིས་བདེ་ལེགས་ཞུ།

Tompa Sherab-Triten2

གནམ་ལོ་སྤྲེལ་གྱི་ཉི་མ་ཤར་ནས་ཚེས།།

གསར་ཚེས་དུས་ཀྱི་ཟླ་བ་མཁའ་ནས་འཛུམ།།

བཀྲ་ཤིས་རྟེན་འབྲེལ་གླུ་དབྱངས་ངག་ནས་ལེན།།

བདེ་ལེགས་ཤིས་ཚིག་མེ་ཏོག་ལྷ་ལ་མཆོད།།

མཁན་སློབ་ཉི་ཟླའི་འོད་མདངས་སྔར་ལས་རྒྱས།།

རྒྱལ་བསྟན་འཁོར་ལོའི་རྩིབས་སྟོང་གླིང་བཞིར་ཁྱབ།།

འཛམ་གླིང་ཞི་བདེའི་དཔལ་ཡོན་དགུང་ལ་འཕྱུར།།

བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།

                                ~ ཁྱུང་ཁྲི་ལྡེས།

 གནམ་གྱི་ལོ་ཟླ་སྤྲེའུའི་གར་གྱིས་བསུས། །

གསར་པའི་ཚེས་ལ་རྟེན་འབྲེལ་ལོ་སར་གཏོང་། །

བཀྲ་ཤིས་སྨོན་ལམ་“ཕྱྭ་གཡང་འབུམ་”ནས་བཏབ། །

བདེ་ལེགས་ཞི་བདེས་འགྲོ་ཀུན་འཚོ་གྱུར་ཅིག །

                          ~ སྲིད་པའི་མིག་གིས།

སོ༵་བརྒྱད་མཁར་ལ་གཤེན་རབ་སྐུ་འཁྲུངས་པའི།།

ན༵མ་ཟླའི་ཡར་ངོ་རྒྱལ་གྱི་ལོ་སར་ལ།།

ལོ༵་ལེགས་དཔལ་འབྱོར་བདེ་སྐྱིད་ལྷ་དང་མཉམ།།

གས༵ར་རྙིང་ཤེས་རིག་ལང་ཚོ་ཡར་དར་ཤོག།

                         ~ ཏི་སེའི་བུས།

སྨན་གྱི་རི་ལ་ཉི་ཟླ་ཟུང་གཅིག་འོད་ཀྱིས་འཛུམ་ཡོད་དྲུང་མུའི་ལོ་སར་འདི་ནས་བསུ།།

དབུས་ཀྱི་ལྷ་སར་གཤེན་གྱི་དམུ་ཐག་དགུང་ནས་འཐེན་ཡོད་གྲོ་སོ་ཕྱེ་མར་འདི་ན་བཏེགས།།

སྒང་དྲུག་རི་ལ་གདུང་རྒྱུད་དྲུག་གི་བ་ཐག་བྲེས་ཡོད་ཚེ་མདའ་སྒྲོ་དཀར་འདི་ན་བཙུགས།།

མེ་སྤྲེལ་ལོ་ཡི་རྟེན་འབྲེལ་ཤིས་བརྗོད་ཁ་འབབ་ཆུ་བཞིའི་རླབས་དང་འགྲོགས་ཏེ་འདི་ནས་བསྲིངས།།

                                                                     ~ ཁྱུང་ཐོག་རྒོད་ཀྱིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོ་༢༠༡༦ཟླ་༠༡ཚེས་༡༠ཉིན།

(སྤྱིའི་གཟིགས་གྲངས། 475 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །བཤད་ས…
error: རྩོམ་འདི་བདག་དབང་ཅན་ཡིན།