ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བོན་གཤེན་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོག་པ།

བརྒྱུད་གསུམ་བསྟན་པའི་མངའ་བདག་༧ སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོའི་རྒྱལ་ཚབ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་བཞིན་གདན་ས་ཆེན་མོ་འདིར་རྒྱལ་ཟླའི་དུས་བཟང་དང་འབྲེལ། སྐབས་དང་པོའི་བོན་གཤེན་སྨོན་ལམ་ཆེན་མོ་དེ་ཉིད་ཕྱི་ལོ་་ ༢༠༢༦ ༡ ༢༠ ཉིན་འཚོག་ཡོད་པ་རེད། དེ་ཡང་ཞོགས་པ་ཕྱག་ཚོད་བརྒྱད་ཀྱི་ཐོག་གྲྭ་མང་དང་མི་མང་མཉམ་འཛོམས་ཐོག་སྒྲིབ་སྦྱང་མུན་སེལ་སྒྲོན་མའི་གཞུང་བསྲངས། ཕྱག་ཚོད་བཅུ་དང་སྐར་མ་སུམ་བཅུ་ནས་ཕྱག་ཚོད་བཅུ་གཅིག་དང་སྐར་མ་སུམ་བཅུའི་བར་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་གྲྭ་མང་དང་མི་མང་ཡོངས་ལ་བོན་གཤེན་སྨོན་ལམ་ཆེན་མོའི་དགེ་ཕན་དང་འབྲེལ་ཏེ་བོན་ཁྲིད་དང་སྙིང་པོ་རྣམ་གསུམ་གྱི་ལྗགས་ལུང་བསྩལ། ཕྱི་དྲོ་ཕྱག་ཚོད་གཉིས་པའི་ཐོག་མུན་སེལ་སྒྲོན་མའི་གཞུང་མཇུག་བསྐྱངས་བ་དང་། ཕྱག་ཚོད་ལྔ་པའི་ཐོག་དགོངས་སྤྱོད་རྣམ་གསུམ་གསུངས་ཤིང་ཐུན་སྦྱོང་བསྔོ་སྨོན་དང་བཅས་བོན་གཤེན་སྨོན་ལམ་ཆེན་མོ་ཐེངས་དང་པོ་མཇུག་གྲུབ་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ༡ ༢༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 140 དེ་རིང་། 140)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།