ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་དགུ་པ།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་འདིར་འཛིན་རིམ་འོག་མ་རྣམས་ལ་བོད་སྐད་ཡར་རྒྱས་དང་མ་འོངས་པར་འཆད་འགྲེལ་གྱི་རྐང་ཚུགས་ཐབས་སོགས་ཀྱི་ཕན་ཐོག་ཆེད་ལོ་རེར་གཏམ་བཤད་འགྲན་བསྡུར་ཐེངས་གཉིས་རེར་སྤེལ་བཞིན་ཡོད་པ་ལྟར་འདི་ལོའི་གཏམ་བཤད་འགྲན་བསྡུར་ཐེངས་དང་པོ་དེ་ཉིད་ཟླ་འདིར་དངོས་སུ་སྤེལ་ཡོད།

དེ་ཡང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་བརྒྱད་པའི་ལས་བྱེད་རྣམ་པས་གོ་སྒྲིག་འོག་དཔྱད་འདེམ་དགེ་རྒན་དུ་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་དང་། གཞན་རྩ་འཛིན་སློབ་དཔོན་གསུམ་བཅས་ཁྱོན་དགེ་རྒན་བཞི་དང་། བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པ་ལྷན་འཛོམས་ཐོག་ཕྱི་ལོ་ ༢༠༢༢/༠/༢༠ ནས་དབུ་བཙུག་སྟེ་ཉིན་གཉིས་རིང་གཏམ་བཤད་འགྲན་བསྡུར་དངོས་སུ་སྤེལ་ཞིང་།

འགྲན་བསྡུར་སྐབས་སློབ་གཉེར་བ་སོ་སོས་བགྲོ་གླེང་གི་བརྗོད་བྱ་སྤྱོད་ལམ་དང་། ཤེས་ཡོན། དམིགས་ཡུལ། རིག་གནས། ལོ་རྒྱུས། རྣམ་ཐར། རི་མོའི་སྐོར། འདོན་ཆོག གྱེར་དབྱངས། གཏོར་བཟོ། དེ་བཞིན་སྐབས་བབ་འཛིན་གྲྭ་རང་རང་གི་སྦྱང་བྱ་བསྡུས་རྟགས་དང་འབྲེལ་བའི་སྐོར་སོགས་རང་རང་གི་འདོད་མོས་ལྟར་བདམས་ཏེ་སྔར་ནས་གྲ་སྒྲིག་བྱས་ཡོད་པ་ལྟར་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ཀྱིས་སྟངས་འཛིན་འོག་བརྗོད་བྱ་དེ་དག་ཅི་རིགས་པའི་ཐོག་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཏེ་སློབ་གཉེར་བ་རྣམས་ནས་ཐ་སྙད་ཕུན་སུམ་ཚོགས་མིན་དང་སྐབས་བབ་བགྲོ་གླེང་གི་བརྗོད་བྱ་འབྲེལ་ཆགས་གོ་བདེར་བཤད་ཐུབ་མིན་སོགས་ལ་གཞིག་ནས་དགེ་རྒན་རྣམ་པས་བརྒྱ་ཆའི་ཨང་རིམ་ཕུལ་གནང་ཡོད། ཉིན་གཉིས་པའི་ཕྱི་དྲོར་སློབ་མ་རྣམས་ནས་གཏམ་བཤད་ཡོངས་སུ་ཚར་རྗེས་སུ་བཤད་སྒྲུབ་མཁན་རིན་པོ་ཆེ་ནས་མཇུག་བསྡུ་དང་འབྲེལ་འཛིན་རིམ་འོག་མ་རྣམས་ལ་ལམ་སྟོན་གྱི་དམིགས་བསལ་བཀའ་སློབ་གནང་སྟེ་ད་ལན་གྱི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

སྐྱ་ཀ་ཁྲ་བོས་ཕྱི་ལོ་ ༢༠༢༢//༢༡ཉིན།

པར་པ་སྐྱ་ཀ་ཁྲ་བོ།

(སྤྱིའི་གཟིགས་གྲངས། 340 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        ཕྱ…
error: རྩོམ་འདི་བདག་དབང་ཅན་ཡིན།