ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་ཐེངས་བཅུ་གསུམ་པའི་གནས་བསྡུས།

མདོ་དྲི་མེད་ལས། གཡུང་དྲུང་ཐེག་མཆོག་དྲི་མེད་བོན། །ངེས་པར་བསླབ་ཅིང་འཇུག་སྤྱོད་ན། །ཚིག་གི་སྒྲོ་འདོགས་གཅོད་བྱེད་པས། དོན་གྱི་སྙིང་པོ་གསལ་མངོན་འགྱུར། ཞེས་དང་། རྒྱལ་བ་མཉམ་མེད་ཆེན་པོའི་ཞལ་ནས། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་དེ་ཡིས་འཛིན་པ་ཡིན། །ཞེས་དང་། ཀུན་མཁྱེན་སྡུད་གྲྭ་ལས། རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན། །འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། །དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པ་རིགས། །ཅེས་གསུང་པ་ལྟར་སྤྱིར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་ཞིང་གདུལ་བྱའི་ཤེས་རྒྱུད་དཀྲོལ་དགོས་པ་བཀའ་ལུང་ལས་གསལ་བ་བཞིན། འཆར་ཅན་བཞིན་དགོན་འདིའི་སློབ་ཚན་གྱི་ནང་དུ་རྩོད་སྦྱོང་གི་ཕྱིར་དུ་ཉིན་རེའི་འཆད་ར་དང་བདུན་ཕྲག་དམ་བཅའ། ལོ་རེར་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་རེ་འཚོགས་སྲོལ་ཡོད་པ་དང་། ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་དཀའ་བའི་གནད་རྣམས་ཆེད་དམིགས་ཀྱིས་དོ་སྣང་འབྱུང་ཕྱིར་ལོ་ལྟར་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་རྩོད་རྒྱུགས་གཏོང་སྲོལ་ཡོད་པ་ལྟར། ཕྱི་ལོ་༢༠༢༡ ༡ ༩ ཉིན་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་གོ་སྒྲིག་འོག ཞོགས་པའི་ཕྱག་ཚོད་༧ ༢༠ཐོག་འཛིན་གྲྭ་སོ་སོའི་དམ་བཅའི་རྒྱན་ཤོག་འཐེན་པ་དང་། ཕྱག་ཚོད་༨ ༤༠ ཐོག་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དགེ་རྒན་ལྷན་ཚོགས་ཀྱི་སྤྱད་འདེམས་དགེ་རྒན་རྣམས་དང་། དགེ་བཤེས་རྣམ་པ་དབུ་བཞུགས་ཐོག་རྫོགས་ཆེན་འཛིན་གྲྭ་ནས་འགོ་བཟུང་སྟེ་འཛིན་གྲྭ་སོ་སོའི་སློབ་གཉེར་བ་རྣམ་པ་རེས་མོས་ཀྱི་དམ་བཅའ་བཞུགས་ཏེ། དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་ནས་བཞག་པའི་འཛིན་གྲྭ་སོ་སོའི་ལོ་རེའི་སྦྱང་ཚན་དང་འབྲེལ་བའི་གལ་གནད་ཅན་གྱི་རྟགས་གསལ་རྒྱན་ཤོག་འཐེན་སྟེ་རྩོད་དང་རྩོད་སྤོང་བྱེད་མཐར། སྐབས་བབ་ཀྱི་རྩོད་པའི་དོན་གནད་དང་འབྲེལ་མིན་དང་། ལན་འདེབས་སྟངས། ལུང་ཚིག་སྐྱོར་སྟངས། ལུང་འདྲེན་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ནས་ཨང་ཀི་སྤྲོད་ཀྱི་ཡོད་པ་དང་། རྒྱུགས་སྤྲོད་ཀྱི་དུས་ཡུན་ཡང་འདི་ཟླའི་ཕྱི་ཚེས་དགུ་དང་བཅུ་བཅུ་གཅིག་བཅས་ཁྱོན་ཉིན་གསུམ་གྱི་རིང་ལ་རྒྱུགས་སྤྲོད་བྱེད་མུས་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ཟླ་ ༡ ཚེས་ ༡༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,072 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།