ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གལ་ཆེའི་བརྡ་ཁྱབ།

མཁྱེན་ཡངས་ལྡན་པའི་རྒྱལ་ཕྱི་ནང་གི་རིགས་མཐུན་སྤུན་ཟླ་རྣམ་པའི་སྙན་ལམ་དུ་ཞུ་གསོལ་འདེབས་སྙིང་།

བདག་ཅག་གི་༧སྐྱབས་མགོན་རྩ་བའི་བླ་མ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་༧སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅོ་ལྔ་ཙམ་དང་། པོད་ཕྲེང་བཅུ་བཞི་ཙམ་ཞིག་ད་སྔོན་ཡིག་གཏག་དང་ཞུ་སྒྲིག་གནང་ནས་འདི་གའི་དཔེ་མཛོད་ཁང་གིས་སྔོན་རྗེས་སུ་དཔར་སྐྲུན་ཞུས་ཟིན་ནའང་། ད་དུང་གཅིག་ནས་དགོས་འདུན་འདོན་མཁན་མང་བ་དང་། ཁྱབ་ཚད་ཀྱིས་མ་འདང་བ། དཔར་སྐྲུན་གྱི་ཁ་གྲངས་ཉུང་སོང་བ་བཅས་དང་།  གཉིས་ནས་ཕྱིས་རྩོམ་མང་པོ་ཞིག་སྔོན་མའི་དེབ་ཕྲེང་དང་། པོད་ཕྲེང་ཁག་གི་ནང་དུ་འཐུས་ཚང་བསྡུ་འགོད་ཞུ་ཐུབ་མེད་པ་བཅས་ཀྱི་གནང་སྟངས་ཡོད་སྟབས་སླར་ཡང་འདི་གའི་དཔེ་མཛོད་ཁང་ནས་བསྐྱར་སྐྲུན་གྱི་ལས་གཞི་དངོས་སུ་དབུ་བརྩམས་ཡོད། དེས་ན་ངེད་ཚོ་གསུང་འབུམ་ཞུ་སྒྲིག་ཚན་ཆུང་ལ་རྒྱ་ཆེའི་མཁྱེན་སྤྱན་ཡངས་པ་རྣམས་ཀྱི་རེ་སྐུལ་དང་། ཐུགས་འདུན་སྐོང་རེའི་འདུན་པ་ལྡོག་ཏུ་མེད་པ་ཡོད་ཕྱིར་དགོས་འདུན་འགའ་ཞིག་འདོན་རྒྱུ་ཡོད་པ་ནི། རྒྱལ་ཕྱི་ནང་གང་སར་བཞུགས་པའི་འབྲེལ་ཡོད་བླ་སྤྲུལ་རྣམ་པ་དང་། དགེ་བའི་བཤེས་གཉེན། སློབ་གཉེར་བ། ཉམས་ལེན་པ། དད་ལྡན་པ་བཅས་རྣམ་པ་སུ་ཞིག་ལ་ད་སྔོན་དཔར་སྐྲུན་ཞུས་ཟིན་པའི་༧ཡོངས་འཛིན་གསུང་འབུམ་ཁག་ལ་མ་འཁོད་པའི་ཞབས་བརྟན་གསོལ་འདེབས་རིགས་དང་། ཤིས་བརྗོད་སྨོན་ལམ། གླེང་བརྗོད། བསྟོད་ཚོགས། ཟིན་བྲིས། ཞལ་གདམས་སོགས་མདོར་ན་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་བཅས་ཀྱིས་བསྡུས་པའི་གསུང་རྩོམ་ཐོར་བུའི་རིགས་གང་ཞིག་ཁྱེད་རྣམ་པ་སུ་ཞིག་གི་ཕྱག་ཏུ་བཞུགས་ཡོད་ཕྱིར་མ་དཔེ་ཚར་རེ་སྐད་འཕྲིན་དང་། འཕྲིན་སྒམ་གང་བདེའི་བརྒྱུད་ནས་ཟླ་བ་གཉིས་ཀྱི་ནང་ཚུད་དུ་ངེད་ཚོར་སྐྱབས་འཇུག་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད་པས་དེ་ལུགས་དགོངས་བཞེས་གནང་སྐྱོང་ཡོད་པ་ཞུ་ཞུ།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གསུང་འབུམ་ཞུ་སྒྲིག་ཚན་ཆུང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༣༡ ཉིན་གུས་འདུད་དང་བཅས་ཏེ་ཕུལ།

འཕྲིན་སྒམ། samgyal@gmail.com

སྐད་འཕྲིན། Bumopaldon

(སྤྱིའི་གཟིགས་གྲངས། 31 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནས་ཚུལ་མཁ…
error: རྩོམ་འདི་བདག་དབང་ཅན་ཡིན།