ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསལ་བརྡ།

གསལ་བརྡ།

༧སྐྱབས་རྗེ་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་ལྟར་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་། ༧དཔལ་ལྡན་སྨན་རིའི་བླ་སྤྱི། ༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སོགས་ཀྱི་གནད་ཡོད་ལས་སྣེ་ལྷན་འཛོམས་ཐོག ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཞབས་རིམ་ཆེན་མོ་དབུ་འཛུགས་གནང་རྒྱུར་གྲོས་མོལ་གནང་སྟེ་གོང་ཚེས་ཉིན་ནས་གཡུང་དྲུང་བོན་གྱི་བཀའ་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་ལ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་སྤྲིན་འབུམ་ཚོགས་རྒྱས་འབུལ་དང་། ཡི་དམ་ཕུར་པའི་སྒྲུབ་པ་ཆེན་མོ་སོགས་གསུངས་རྒྱུར་ཐག་ཆོད་གནང་བ་དང་།དེ་བཞིན་བོན་འབངས་ལྷ་སྡེ་ཡོངས་ནས་སོ་སོས་གང་ནུས་ཀྱིས་སྐུ་རིམ་བསྒྲུབ་རྒྱུ་མ་བརྗེད་རོགས།

ཁམས་རིག་གྲོལ་གྱི་སྐད་འཕྲིན་ནས་དྲངས།

(སྤྱིའི་གཟིགས་གྲངས། 96 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།