ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྫོགས་ཆེན་སྐུ་གསུམ་རང་ཤར་ལས་གཉིད་ལམ་གྱི་ཁྲིད་གདམས་བསྩལ་བ།

WeChat_1463132741

ཕྱི་ལོ་༢༠༡༦ཟླ་༠༥ཚེས་༠༡ནས་བདུན་གཅིག་གི་རིང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་དད་ལྡན་སློབ་མ་རྣམས་ལ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་གཉིད་ལམ་འོད་གསལ་གྱི་ཁྲིད་གདམས་བསྩལ་སྐབས་སྒྲོན་པའི་དགེ་སློབ་ལྷན་བཞུགས་ཀྱི་མཉམ་པར།

ཉིན་འདི་དག་གི་རིང་ལ།

སྲིད་པའི་མིག/

 ༧ མཁའ་ལ་ཉ་ཟླ་ཤར་བའི་དགོང་མོ་དེར། །

 དབྱིངས་ནས་དོག་ལ་ཕེབས་པའི་སྲས་ཤིག་གིས། །

  ཚངས་པའི་གསུང་དབྱངས་འབྲུག་པའི་འགྱུར་ཁུག་ལ། །

 སློབ་ཚོགས་བཅུ་ཕྲག་རེ་འགས་རྣ་བ་གཏད། །

༧ བད་མཁྲིས་འདུ་བ་འཁྲུག་པའི་རླུང་ཁ་ནས། །

འབྱུང་བཞིའི་གཡར་ཕུང་འདར་བའི་འཇིགས་སྔངས་ལ། །

ཡན་ལག་སྨད་ལྔ་བསྐོར་བའི་འཕྲུལ་འཁོར་གྱིས། །

ལུས་སེམས་བདེ་ཐང་འདྲེན་པ་ཚོར་དུ་བཅུག །

༧ རླུང་སེམས་གནད་དུ་གཟུད་པའི་ཐབས་ལམ་ལ། །

རིག་པ་དྭངས་སྙིགས་ཕྱེད་པའི་ངར་ཞིག་དང་། །

ནད་གདོན་བར་ཆོད་སེལ་བའི་རྣོ་ཞིག་གིས། །

བོན་གྱི་བྱིན་རླབས་ནུས་པ་མཐོང་དུ་བཅུག །

༧ ཞོགས་པའི་ཉི་གཞོན་རི་རྩེའི་རྒྱན་བྱེད་དུས། །

སྐུ་གསུམ་རང་ལ་ཤར་བའི་གཟུགས་ཤིག་གིས། །

ཕྱི་ནང་ཁ་ཞབས་གསལ་བའི་ཤེལ་སྒོང་ངོས། །

ངོ་མཚར་སྣང་བཞིའི་ལྟད་མོ་བཤམས་དུ་བཅུག །

༧ རྟོག་པའི་སྤྲིན་ཚོགས་ལང་བའི་ནམ་མཁའ་ནས། །

ཆགས་སྡང་འབྲུག་མོ་ལྡིར་བའི་ངར་ཤུགས་ཀྱིས། །

བྱིན་རླབས་ན་བུན་གཏོར་བའི་འདུ་བྱེད་འདི། །

སྒྱུ་མའི་འཕྲུལ་འཁོར་ཡིན་པ་ཤེས་སུ་བཅུག །

༧ རྟོག་དཔྱོད་ཐེར་ཟུག་བརྩེགས་པའི་ཁང་པ་ནང་། །

དུག་ལྔའི་འདོད་ཡོན་སྤུངས་པའི་དྲེགས་སེམས་འདི། །

འཁོར་བའི་ཁེ་སྐྱེད་ཡིན་པ་ངོ་སྤྲད་ནས། །

སྡུག་བསྔལ་འདུ་འཛིའི་ཡོ་ལང་ཤེས་སུ་བཅུག །

༧ སེམས་ཀྱི་བདེ་བ་འཚོལ་བའི་གོ་རིམ་ཁྲོད། །

སྔ་འཕྱིའི་ལས་འབྲས་བོར་བའི་ལོང་བ་ལ། །

བདེན་པའི་ལམ་འབྲས་གསལ་བའི་མེ་ལོང་ངོས། །

དཀར་ནག་རི་མོ་སྙིང་ནས་འབྲི་རུ་བཅུག  

༧ རྟོག་འཛིན་དྲ་བ་དཀྲིགས་པའི་ནག་ཀླུངས་ཁྲོད། ། 

རིག་པ་གུར་དུ་ཕུབ་པའི་སྐར་ཁུང་བརྒྱུད། །

སྣང་བ་འོད་ཀྱིས་གང་བའི་གཤིས་ལུགས་ལ། །

མྱོང་གོམས་ཚད་མའི་དེ་ཉིད་གོ་རུ་བཅུག །

༧ མཁྱེན་རབ་འོད་ཀྱིས་བཀང་བའི་ཉི་མ་བཞིར། །

རང་དབང་གོམ་སྟབས་སྒྱུར་བའི་མི་དེ་ཚོས། །

གདམས་ངག་ཟས་སུ་ཟོས་པའི་ལག་རྗེས་སུ། །

རང་སེམས་མེ་ལོང་ཡིན་པ་ཤེས་སུ་བཅུག །

༧ འཇིག་རྟེན་སྒྱུ་མས་གང་བའི་སྣང་བ་ལ། །

རིག་པ་འོད་དང་བསྲེས་པའི་སྒྱུ་རྩལ་གྱིས། །

ཕྱི་ནང་ཟང་ཐལ་ཕུག་པའི་མྱོང་བ་ཞིག །

སྟོང་གཟུགས་སྒྲ་རུ་བསྐུལ་ནས་ཚོར་དུ་བཅུག །

༧ སྒྲ་འོད་ཟེར་ལ་བཅར་བའི་རིག་པ་འདི། །

དབྱིངས་ཉིད་བ་གའི་ཀློང་དུ་བསྟབ་པ་དང་། །

སྣང་བ་ཁྲེགས་སུ་ཆོད་པའི་ངོ་བོ་ལ། །

དགག་སྒྲུབ་བླང་དོར་བྲལ་བ་གོ་རུ་བཅུག །

༧ བཤད་བཤད་གོ་བ་མེད་པའི་གླང་རྒན་དང་། །

འདྲིས་འདྲིས་ངོ་ཤེས་མེད་པའི་འཕྲུལ་གྱི་མི། །

ཐོས་ཐོས་གླུ་རུ་ལེན་པའི་ར་བཟི་སོགས། །

སྣོད་ཀྱི་རྩ་ལག་ཉམས་ན་ཅི་ཞིག་བྱ། །

      ཞེས་མེ་ལོང་ཞེས་པ་དེས་ཕྱི་ལོའི་༢༠༡༤ཟླ་༡༡ཚེས་༠༨ཉིན་ཨ་རིའི་ཡུལ་དུ་གནས་བཅས་པའི་༼ཧི་མ་ལ་ཡའི་བོན་ཚོགས་༽སུ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་ཉིན་གྲངས་བཞིའི་རིང་འབྲེལ་ཡོད་སློབ་བུ་རྣམས་ལ་རྩ་རླུང་དང་ཐོད་བརྒལ་སྐོར་གྱི་དཔེ་ཁྲིད་བཀའ་དྲིན་སྐྱོང་བ་དང་བསྟུན་གསར་གནས་ཤིག་གི་དོད་དུ་ཕུལ།

(སྤྱིའི་གཟིགས་གྲངས། 71 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །རྩ་གས…
error: རྩོམ་འདི་བདག་དབང་ཅན་ཡིན།