ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐེངས་དང་པོའི་གསང་སྔགས་ཟབ་སྦྱོང་འཛིན་གྲྭའི་བཤད་རྒྱུགས་སྐོར་གྱི་གནས་ཕྲིན།

སློབ་གཉེར་བ་གང་ཞིག་གི་མི་ཚེའི་ནང་ཐོས་བསམ་ཉམས་ལེན་མོས་ཕྱོགས་ཀྱི་གཞུང་ལ་དམིགས་བསལ་ཆེད་སྦྱོང་དང་། ཉམས་ལེན་ཟུང་འབྲེལ་གནང་ན། སྤྱི་བཤད་ཙམ་མ་ཡིན་པ་དོན་ལ་ཉེ་བཅར་ཐུབ་པ་དང་། ཚིག་གི་གདར་ཤ་ཆོད་པའི་ཕན་ཡོན་སོགས་དགོས་པ་དུ་མར་དམིགས་ཏེ། དགོན་འདིའི་མཁན་སློབ་དགེ་རྒན་རྣམ་པའི་དགོངས་བཞེད་ལྟར། བཤད་སྒྲུབ་ཟུང་འབྲེལ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་ནམ། ཟབ་སྦྱོང་གི་འཛིན་གྲྭ་བཙུགས་ནས།
༢༠༡༥།ལོར་གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མའི་གཞུང་ལ་ཆེད་སྦྱོང་འཛིན་གྲྭ་གསར་དུ་དབུ་བརྙེས་ཏེ། མ་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་ཁྲིད་སྐོར་ལོ་གསུམ་རིང་ཟབ་སྦྱོང་གནང་རྒྱུ་གཏན་འབེབས་བྱས་ཡོད་པ་རེད། དེ་ཡང་ལོ་རིམ་དང་པོ་གཞི་ཁྲིད་སྐོར་ཆེད་སྦྱོང་གནང་ནས་རྩོད་རྒྱུགས་བཏང་བ་དང་།

IMG_9674འདི་ལོར་ལམ་ཁྲིད་ཆེད་སྦྱོང་གནང་བ་དང་འབྲེལ། རྩ་རླུང་ཞགས་བརྒྱའི་ཉམས་ལེན་མཛད་པ་དང་། ༢༠༡༧། ༢། ༥། ཉིན་སྔ་དྲོའི་ཕྱག་ཚོད་༩། ཐོག་བཤད་སྒྲུབ་འདུས་སྡེས་འགན་འཛིན་རྣམ་པས་གོ་སྒྲིག་འོག རྒྱུགས་དཔང་དུ་ཕེབས་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས། གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་མཆོག རྩ་འཛིན་སློབ་དཔོན། དཔྱད་འདེམས་པ་དགེ་རྒན་ལྷན་ཚོགས་དང་། དགེ་བཤེས་རྣམ་པ། སློབ་གཉེར་བ་ཡོངས་རྫོགས་རྒྱུགས་སྤྲོད་ཁང་དུ་འཛོམས་ནས།

IMG_9699 IMG_9768 IMG_9724IMG_9782རྒྱུགས་ཞིབ་དོ་དམ་པས་སྟངས་འཛིན་འོག་ཆེད་སྦྱོང་བས་མ་རྒྱུད་ལམ་ཁྲིད་ཀྱི་སྐོར་ནས་དོན་ཚན་གང་རུང་ཞིག་རྒྱན་ཤོག་འཐེན་ཏེ་སྐར་མ་༢༠རིང་ལ་བགྲོ་གླེང་བཤད་རྗེས་སུ། མ་རྒྱུད་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་སྐར་མ་༡༥རིང་དྲི་བ་དྲི་ལན་བྱས་ཏེ། བཤད་བྱ་གང་ཞིག་རྩལ་དུ་བཏོན་ནས་བཤད་ཐུབ་མིན་དང་། བཤད་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད་པ་དང་། མཐར་ཆེད་སྦྱོང་གི་རྒྱུགས་སྤྲོད་དེ་ཉིད་ལེགས་གྲུབ་བྱུང་བ་བཅས་ཀྱི་གསར་གནས་ཉུང་འདུས་ཤིག་ཏི་སེའི་བུ་ནས་༢༠༡༧། ༢། ༥།ཉིན།

(སྤྱིའི་གཟིགས་གྲངས། 124 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།