ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད།

དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭ་ཚོ་ལ་དེང་དུས་ཀྱི་འགྲོ་སྟངས་ལྟར་སློབ་སྦྱོང་བསྐུལ་འདེད་ཆེད་ལོ་ལྟར་རྒྱུགས་སྤྲོད་ལེན་ནས་ཨང་ཐོབ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཤད་སྒྲུབ་འདུས་སྡེའི་མཇུག་སྡོམ་འཚོགས་འདུའི་སྐབས་སུ་ཨང་རིམ་ལྟར་ལེགས་གསོལ་གྱི་བྱ་དགའ་སྤྲོད་ཀྱི་ཡོད།  

སློབ་གྲྭ་འདིའི་ནང་སློབ་ཚན་བོད་ཡིག་དང་། ནེ་པལ་ལི། དབྱིན་སྐད། སྤྱི་ཚོགས་ཚན་རིག ཡིག་གཟུགས།   རི་མོ་བཅས་ཡོད། འདི་ལོར་སློབ་གྲྭའི་འགན་འཛིན་དང་དགེ་ལས་རྣམ་པའི་དབུ་ཁྲིད་འོག་ ༢༠༡༩ ལོའི་ཟླ་བ་ ༡ ཚེས་ ༡༡ ནས་ཟླ་བ་ ༡ ཚེས་ ༢༢ བོད་ས་ཁྱི་ལོའི་ཧོར་ཟླ་ ༡༢ པའི་ཚེས་ ༥ ནས་ ༡༧ བར་དུ་སློབ་ཕྲུག་ཚོས་ལོ་འཁོར་རྒྱུགས་སྤྲོད་ཞུས།   དེ་ཡང་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་དབྱིན་སྐད་རྒྱུགས་སྤྲོད་གནང་བ་དང་ཚེས་ ༡༣ ཉིན་ནེ་པལ་ལིའི་ཡི་གེ་རྒྱུགས་སྤྲོད། ༡༦ ཉིན་བོད་ཡིག་རྒྱུགས་སྤྲོད། ༡༨ ཉིན་བཤད་རྒྱུགས་འགྲན་བསྡུར་དང་། ༢༠ ཉིན་སྤྱི་ཚོགས་ཚན་རིག་རྒྱུགས་སྤྲོད། ༢༡ ཉིན་བོད་ཡིག་ཀློག་འདོན་རྒྱུགས་སྤྲོད། ༢༢ ཉིན་བོད་ཡིག་བྲིས་རྒྱུགས་གནང་སྟེ་གཞི་རིམ་སྔོན་འགྲོ་སློབ་གྲྭའི་འདི་ལོའི་ལོ་འཁོར་རྒྱུགས་སྤྲོད་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ནས་ ༢༠༡༩ ཟླ་ ༡ ཚེས་ ༢༢ ཉིན་སྤེལ།

པར་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 612 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོད་ས་ཕག་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།