ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ས་ཕག་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལོ་མཇུག་རྒྱུགས་སྤྲོད་ཀྱི་གནས་བསྡུས།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་རྣམས་ལོ་རེའི་ལོ་ཕྱེད་དང་ལོ་མཇུག་གཉིས་ལ་་སྦྱོང་ཚན་ཁག་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་བཞིན། འདི་ལོའི་ལོ་མཇུག་གི་རྒྱུགས་སྤྲོད་དེ་ཕྱི་ལོ་ ༢༠༢༠    ༥ ཉིན་ནས་བཟུང་ཚེས་ ༡༡ བར་གྱི་ནང་ཚུད་བཏང་ཡོད་ཅིང་། དེ་ཡང་འདི་ཟླའི་ཚེས་ ཉིན་གྱི་སྔ་དྲོར་བརྡ་སྤྲོད་དང་སྙན་ངག་དང་། ཕྱི་དྲོར་ཡ་ཐོག་བོད་སྨན་གྱི་ལོ་རྒྱུས་བཅས་བྲིས་རྒྱུགས་བཏང་བ་དང་། ཚེས་ ༦ ཉིན་གྱི་སྔ་དྲོར་བལ་སྐད་དང་ཕྱི་དྲོར་དབྱིན་སྐད་བྲིས་རྒྱུགས་བཏང་། ཚེས་ ༧ ཉིན་གཞོག་འདེགས་སློབ་སྦྱོང་ངམ་ཚན་རིག་བྲིས་རྒྱུགས་དང་། ཚེས་ ༨ ཉིན་གསོ་བ་རིག་པའི་བྲིས་རྒྱུགས་བཏང་། ཚེས་ ༩ ཉིན་སངས་རྒྱས་སྨན་གྱི་ལྷ་རྣམ་འདྲེན་བརྒྱད་པ་གཤེན་རབ་མྱི་བོ་འཁྲུངས་ནས་མི་ལོ་ ༡༨༠༣༧ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་རྗེས།  ཚེས་ ༡༠ དང་ ༡༡ གཉིས་རིང་ལ་གསོ་རིག་སྨན་གྱི་ངག་རྒྱུགས་བཅས་ཕུལ་བ་ལགས་ན། སློབ་སྦྱོང་ཡར་སྐུལ་གྱི་ཐབས་ལམ་འདི་དག་ལ་བརྟེན་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་གོང་དུ་འཕེལ་ཞིང་འགྲོ་བ་ནད་པ་ཡོངས་ལ་ཕན་ཐོགས་པའི་གསོ་རིག་གི་བསྟན་པ་འདི་ཉིད་ཡུན་དུ་རྒྱས་པའི་སྨོན་ལམ་དང་བཅས་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༡༩    ༢༤ ཉིན།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 479 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་གཞི་…
error: རྩོམ་འདི་བདག་དབང་ཅན་ཡིན།